Nyingma Institute, Martam, East-Sikkim, India.

Directions Website Contact the university

Nyingma Institute, Martam, East-Sikkim, India. Contact information, map and directions, contact form, opening hours, services, ratings, photos, videos and announcements from Nyingma Institute, Martam, East-Sikkim, India., College & University, Sang Martam, Lingtam.

༆ གསང་ཆེན་རྙིང་མའི་མཐོ་སློབ་ཐེག་དགུའི་ལེགས་བཤད་གླིང་།
NYINGMA INSTITUTE MARTAM
(Higher Buddhist Studies and Research Centre)
Post Box No: 152
Gangtok District, East-Sikkim.

༄༅། །སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༠༧ པའི་ཚེས་ ༢༩ ཉིན། ཆུ་སྟོད་ཟླ་བའི་ཚེས་ ༡༥ སྔ་དྲོའི་ཕྱག་ཚོད་ ༥:༠༠ ཐོག དཔལ་གསང་ཆེན་རྙིང་མའི་མ...
29/07/2026

༄༅། །སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༠༧ པའི་ཚེས་ ༢༩ ཉིན། ཆུ་སྟོད་ཟླ་བའི་ཚེས་ ༡༥ སྔ་དྲོའི་ཕྱག་ཚོད་ ༥:༠༠ ཐོག དཔལ་གསང་ཆེན་རྙིང་མའི་མཐོ་སློབ་ཐེག་དགུའི་ལེགས་བཤད་གླིང་དུ། དབྱར་གནས་ཀྱི་ཚོགས་གཙོ་བཤད་གྲྭའི་དབུ་འཛིན། མཁན་སློབ། དགེ་འདུན་འདུས་པ་རྣམས་ཀྱིས། དམ་པའི་ཆོས་འདུལ་བའི་གཞི་གསུམ་གྱི་ཕྱག་བཞེས་ལམ་སྲོལ་ལྟར། དངོས་གཞིའི་དབྱར་གནས་བཞུགས་པར་ཁས་བླངས་མཛད་པའི་སྐབས་ཀྱི་བརྙན་པར་འགའ་ཞིག་སྤྱན་གཟིགས་སླད་འདིར་འབུལ་བ་ལགས།

On 29 July 2026 (the 15th day of the sixth Tibetan lunar month), at 5:00 a.m., at Sangchen Nyingma Institute – Theg Gu Lekshe Ling, the Principal of the Shedra, the Khenpos, Acharyas, and the assembled Sangha formally undertook the Summer Retreat (Yarne) in accordance with the traditional procedures of the Three Foundations of the Vinaya (Discipline). Presented here are a selection of photographs capturing this auspicious occasion, during which the monastic community solemnly entered the annual Summer Retreat in strict observance of the sacred Vinaya tradition.

✨✨✨✨✨✨✨✨✨✨✨✨✨✨✨✨

༄༅། །དབྱར་གནས་ཚོགས་ཚུལ་གྱི་རྣམ་གཞག་བཞུགས་སོ།
དབྱར་གྱི་ཉེ་སྦྱོར་ཚེས་བཅོ་ལྔའི་ཉིན་བྱ་དགོས་པ་ནི། སྔ་དྲོ་སྔ་པོར་སྐུ་བཞེངས་ཞལ་ཁྲུས་གནང་ནས། མཁར་རྔ་བརྡུང་བ་དང་གདིང་ཆོས་ཕྲག་ལ་བཀལ། དགེ་སློང་ཡིན་ན་སྣམ་སྦྱར་དྲིལ་ཚེས་སུ་བསྣམས་ནས་གཙུག་ལག་ཁང་དུ་ཕེབས། དགེ་ཚུལ་རྣམས་སྒོ་འཁྱམས་ཀྱི་ཕྱི་རོལ་ཏུ་བསྒུག་ནས་བསྡད། དགེ་སློང་རྣམས་སྒོ་འཁྱམས་ས་ནས་གསོ་སྦྱོང་གི་སྐབས་ལྟར་ལྟུང་བ་ཕྱིར་བཅོས་དང་བྱིན་རླབས་རྣམས་བྱ། དེ་ནས་གཎྜི་པས་གཎྜི་བརྡུང་ཟིན་ནས་དགེ་ཚུལ་སློང་ཐམས་ཅད་རྒན་རིམ་བཞིན་འདུ་ཁང་ནང་དུ་ཕེབས། ཞལ་བཤལ་དགོས། དེ་ནས་རྒྱུན་ཆགས་གསུམ་པའི་ཞལ་འདོན་གཞི་བདག་ལ་གཏོར་མ་བཏང་བའི་བར་དང༌། ཚུལ་ཁྲིམས་རབ་བསྔགས་ཀྱི་མདོ་ཉན་པ་དང༌། དགེ་ཚུལ་རྣམས་ཀྱི་བཤགས་སྦྱོང་བཅས་རྒྱུན་ལྟར་བྱ། དམིགས་བསལ་ནི། དགེ་ཚུལ་རྣམས་ཀྱི་གསོ་སྦྱོང་ཚར་བ་དང༌། དགེ་ཚུལ་སོ་སོའི་གདིང་བ་བསྣམས་ནས་གཙུག་ལག་ཁང་གི་སྒོ་འཁྱམས་སུ་གདིང་བ་བཞི་ལྟབ་ཀྱི་ཁར་བཞུགས་པ་ལས་རང་མལ་དུ་ཕེབས་མི་ཆོག །དགེ་སློང་རྣམས་ནང་དུ་གསོ་སྦྱོང་གྲུབ་ནས། དབྱར་གྱི་ཉེ་སྦྱོར་གྱི་ཚུལ་ཤིང་བྲིམས་པའི་ཚེ། ལག་གཡས་པའི་དགུང་མོས་རྩེ་དང་། གཡོན་པའི་སྲིན་ལག་གིས་རྩ་བ་ལ་སྦྱར་ནས་དལ་བུས་ལེན་ཞིང་པང་དུ་བཞག་དགོས། དགེ་ཚུལ་གྱི་ཚུལ་ཤིང་བྲིམས་པའི་ཚེའང་དགེ་སློང་རྣམས་ཀྱིས་སོ་སོའི་དགེ་ཚུལ་གྱི་གྲངས་ཇི་སྙེད་ཡོད་པ་གོང་ལྟར་ལེན་ནས་པང་དུ་བཞག་དགོས། ཡང་ཚུལ་ཤིང་བསྡུ་བའི་ཚེ་དེ་ལྟར་བཟུང་ནས་ཕར་བཞག །
དེ་ནས་གནས་ཁང་སྟོབ་པ་ནི། རང་རང་གི་སྒོ་ལྕགས་དང་ལྡེའུ་མིག་གཏད་པའི་ཚེ། དགེ་ཚུལ་སློང་སོ་སོས་མི་སྨྲ་བར་ལག་གཉིས་བཀན་ཏེ་ལྷུང་བཟེད་ལྟར་བླང་དགོས།
དེ་ནས་མལ་སྟན་སྟོབ་པའི་ཚེ། དགེ་ཚུལ་སློང་སོ་སོའི་གདིང་བའི་སྣེ་མོ་ནས་ལག་གཡས་སྟེང་དང༌། གཡོན་འོག་ཏུ་བྱས་ཏེ་བཟུང་དགོས། མཁན་པོ་དང་དབྱར་བདག་གིས་དབྱར་ཉེ་སྦྱོར་གྱི་ཆོ་ག་རྣམས་གསུངས་པའི་ཚེ་དགེ་འདུན་པ་རྣམས་དོན་མེད་ཀྱི་ངག་སྨྲ་བ་བཅད་དེ་ལག་གཉིས་འདུད་རྒྱ་བཅའ་ཞིང་རྣ་བ་གཏད་དེ་བཞུགས་དགོས། དབྱར་ཉེ་སྦྱོར་གྱི་ཆོ་ག་མཐའ་དག་གྲུབ་ནས།
མཐར་གསོ་སྦྱོང་གི་སྐབས་ལྟར་མཁན་པོས། ཕྱོགས་བཅུ་ན་བཞུགས་པའི་སོགས་གསུངས་པ་ལ། དགེ་འདུན་སྤྱི་ཡིས། དགོངས་སུ་གསོལ། ཞེས་མཐུན་བསྒྱུར་བྱ་བ་དང༌། བསྔོ་སྨོན་དང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་འདོན་པ་རྣམས་རྒྱུན་ལྟར་བྱ་ནས་གཙུག་ལག་ཁང་ལ་བསྐོར་བ་ཕེབས། དམིགས་བསལ་ནི། དབྱར་གནས་ཀྱི་སྐབས་ཞྭ་ཁྲ་བསྣམས་ནས་ཕེབས་དགོས། བསྐོར་བ་གྲུབ་ནས། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སོགས་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིག་དེ་རྣམས་བློ་ཐོག་ལ་མེད་ན་བློ་འཛིན་ངེས་པར་གནང་དགོས། དེ་ནས་ཆོས་གོས་རྣམས་མཉམ་དུ་འདུ་ཁང་ནང་དུ་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་བལྟབ། གདིང་ཆོས་ཕྲག་ལ་བཀལ། སྣམ་སྦྱར་དྲིལ་ཚེས་སུ་བསྣམས་ནས་རང་མལ་དུ་ཕེབས་དགོས་པ་བཅས་སོ། །” ཞེས་གསུངས་སོ། །

Guidelines for the Assembly and Observance of the Summer Retreat (Yarne)

On the fifteenth day of the preparatory period for the Summer Retreat, the following procedures should be observed:

In the early morning, all monastics should rise promptly, perform their morning ablutions, and prepare themselves in accordance with the Vinaya discipline. The monastery drum should be sounded, and each monk should carry his sitting mat (gding ba) over his shoulder. Fully ordained monks (Bhikṣus) should wear and properly arrange their outer robe (Saṃghāṭī) before proceeding to the main temple. Novice monks (Śrāmaṇeras) should wait respectfully outside the temple entrance.

The Bhikṣus shall first perform the rite of Sojong (Purification and Restoration of Monastic Discipline), including confession of transgressions and the necessary ritual blessings. Once the Gaṇḍī (wooden assembly board) has been struck to summon the community, all novice monks shall enter the assembly hall in order of seniority. They should wash their faces before entering.

The regular daily liturgy shall then be performed up to the offering of the Torma to the local protectors. Afterwards, the Sūtra in Praise of Excellent Moral Discipline shall be recited, followed by the confession and purification ceremony for the novice monks, according to the established tradition.

Special Instructions

After the novices have completed the Sojong ceremony, each novice should carry his own sitting mat and remain seated in the temple corridor upon a four-fold folded mat. No one is permitted to return to his own quarters before the prescribed time.

When the Bhikṣus have completed their Sojong ceremony and the distribution of the Yarne voting sticks begins, each monk should respectfully receive the stick by holding its tip with the thumb of the right hand and its base with the ring finger of the left hand, lifting it gently and placing it carefully upon his lap.

When voting sticks are distributed on behalf of the novice monks, each Bhikṣu should likewise receive the appropriate number of sticks corresponding to the novices under his care and place them respectfully upon his lap. When returning the voting sticks, they should be handled with the same care and reverence.

⸻

Receiving the Monastic Quarters

When receiving the key to one’s assigned room, each novice monk should remain silent and respectfully receive it with both hands, in the same manner as one receives an alms bowl.

When receiving bedding and sitting mats, each novice should hold the front edge of the mat with the right hand placed above and the left hand beneath, according to the traditional etiquette.

During the recitation of the preparatory Summer Retreat ritual by the Abbot and the Retreat Master (Yarne Dag), all members of the Sangha should refrain from unnecessary speech, sit respectfully with folded hands, listen attentively, and maintain complete mindfulness throughout the ceremony.

⸻

Completion of the Preparatory Ceremony

After all preparatory rites have been completed, the Abbot shall recite the customary concluding prayers beginning with the invocation:

“To all the Buddhas abiding throughout the ten directions…”

The assembled Sangha should respond in unison:

“Please consider us with compassion.”

The dedication of merit, aspiration prayers, and the recitation of the Dhāraṇī of Pure Moral Discipline should then be performed according to the established tradition.

Following this, the Sangha should circumambulate the main temple.

Special Instruction

Throughout the period of the Summer Retreat, monks should wear their ceremonial meditation hats (Zhwa Tra) during the circumambulation.

After completing the circumambulation, the aspiration prayers beginning with:

“May I and all sentient beings…”

together with the concluding auspicious verses, should be memorized by anyone who has not yet committed them to memory.

Finally, all Dharma robes should be folded together inside the assembly hall according to the prescribed monastic tradition. The sitting mat should again be placed over the shoulder, the Saṃghāṭī robe properly folded and carried, and each monk should quietly return to his assigned residence in accordance with the Vinaya discipline...

༈ སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༦ པའི་ཚེས་ ༢༥ ཉིན། སློབ་གཉེར་བ་རྣམས་ཀྱིས་ལོ་ཕྱེད་ཡིག་རྒྱུགས་གནང་བཞིན་པའི་སྐབས་ཀྱི་པར་རིས་འགའ་ཞ...
25/06/2026

༈ སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༠༦ པའི་ཚེས་ ༢༥ ཉིན། སློབ་གཉེར་བ་རྣམས་ཀྱིས་ལོ་ཕྱེད་ཡིག་རྒྱུགས་གནང་བཞིན་པའི་སྐབས་ཀྱི་པར་རིས་འགའ་ཞིག་གུས་པས་སྤྱན་འབུལ་ཞུའོ།

We respectfully present a selection of photographs capturing students as they undertake their mid-year examinations on 25 June 2026. These images offer a glimpse into their diligence, discipline, and commitment to academic pursuit.

दिनांक २५ जून २०२६ को विद्यार्थियों द्वारा आयोजित अर्धवार्षिक परीक्षाओं के दौरान के कुछ छायाचित्र सादर प्रस्तुत हैं। ये चित्र उनकी अध्ययनशीलता, अनुशासन तथा ज्ञानार्जन के प्रति समर्पण की एक विनम्र झलक प्रस्तुत करते हैं।

༈ སྤྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༠༦ པའི་ཚེས་ ༢༣ ཉིན། འདི་ག་མཐོ་སློབ་ཆེན་མོའི་བཤད་གྲྭ་བ་རྣམས་ཀྱིས་རྩ་རྒྱུགས་ཤོག་གྲངས་བཅོ་ལྔ་རེ་...
25/06/2026

༈ སྤྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༠༦ པའི་ཚེས་ ༢༣ ཉིན། འདི་ག་མཐོ་སློབ་ཆེན་མོའི་བཤད་གྲྭ་བ་རྣམས་ཀྱིས་རྩ་རྒྱུགས་ཤོག་གྲངས་བཅོ་ལྔ་རེ་ཕུལ་བའི་ཉིན་མོའི་དྲན་རྟེན་དུ་བླངས་པའི་པར་འགའ་ཞིག།

A few commemorative photographs taken on 23 June 2026, marking the occasion when the students of this monastic college (Shedra) submitted their final examination papers, each comprising fifteen answer sheets.

20/06/2026

Yesterday, a team of medical doctors visited the university with the noble purpose of conducting health examinations for the monastic community and providing medical treatment where necessary. In addition, the monks, motivated by boundless compassion for those in need, voluntarily donated blood free of charge. Through this altruistic act, they accumulated the positive karmic imprints of virtuous deeds. It goes without saying that such an act of selfless generosity is wholeheartedly rejoiced in and praised by our kind Root Guru, together with all the Buddhas and Bodhisattvas.

Furthermore, the medical team presented each monk who donated blood with a certificate of appreciation as a token of respect and recognition. On behalf of the monastic college as a whole, we extend our immeasurable gratitude to all the physicians—senior, middle-ranking, and junior alike—for their dedicated service and compassionate care. With palms joined in reverence, we sincerely offer our heartfelt thanks.

कल चिकित्सकों का एक दल मठीय विश्वविद्यालय में पधारा। उनका उद्देश्य संघ के भिक्षुओं के स्वास्थ्य की जाँच करना तथा आवश्यकता अनुसार उनका उपचार करना था। इसके अतिरिक्त, भिक्षु-संघ ने समस्त प्राणियों के प्रति करुणा की भावना से प्रेरित होकर निःस्वार्थ भाव से निःशुल्क रक्तदान किया। इस महान परोपकारी कार्य के माध्यम से उन्होंने शुभ कर्मों के उत्कृष्ट संस्कार अपने चित्त में संचित किए। यह कहने की आवश्यकता नहीं कि ऐसी पुण्यमयी उदारता पर हमारे परम कृपालु मूलगुरु तथा समस्त बुद्धों और बोधिसत्त्वों ने हर्ष व्यक्त करते हुए उसकी प्रशंसा की होगी।

इसके अतिरिक्त, चिकित्सकों ने रक्तदान करने वाले प्रत्येक भिक्षु को सम्मान एवं कृतज्ञता के प्रतीकस्वरूप एक-एक प्रशस्ति-पत्र प्रदान किया। समस्त मठीय महाविद्यालय की ओर से हम सभी वरिष्ठ, मध्यवर्ती तथा कनिष्ठ चिकित्सकों के प्रति, जिन्होंने निःस्वार्थ भाव से सेवा प्रदान की, हाथ जोड़कर अपनी असीम कृतज्ञता एवं हार्दिक धन्यवाद अर्पित करते हैं।

༈ ཁ་སང་མཐོ་སློབ་ཆེན་མོ་རུ་སྨན་པ་རྣམས་དགེ་འདུན་རྣམས་ཀྱི་ལུས་ཁམས་བརྟག་དཔྱད་དང་ནད་གཞི་གསོ་བའི་སླད་དུ་ཕེབས་གནང་བ་མ་ཟད་དགེ་འད...
20/06/2026

༈ ཁ་སང་མཐོ་སློབ་ཆེན་མོ་རུ་སྨན་པ་རྣམས་དགེ་འདུན་རྣམས་ཀྱི་ལུས་ཁམས་བརྟག་དཔྱད་དང་ནད་གཞི་གསོ་བའི་སླད་དུ་ཕེབས་གནང་བ་མ་ཟད་དགེ་འདུན་པ་རྣམས་ནས་ཁྲག་ཁོ་བས་ཡུལ་རྣམས་ལ་སྙིང་རྗེར་དམིགས་ཏེ་རིན་མེད་ཁྲག་སྦྱིན་པ་བཏང་བས་བཟང་པོ་དགེ་བའི་ལས་ཀྱི་བག་ཆགས་རྒྱུད་ལ་བསྐྱེད་ཐུབ་པ་དེ་ལ་དྲིན་ཅན་གྱི་རྩ་བའི་བླ་མ་དང་རྒྱལ་བ་སྲས་དང་བཅས་པས་ཡི་རང་བསྔགས་བརྗོད་ཡོད་པ་སྨོས་མི་དགོས་པ་ཡིན། གཞན་ཡང་སྨན་པས་ཁྲག་སྦྱིན་གནང་མཁན་དགེ་འདུན་པ་དག་ལ་གུས་རྟགས་གཟེངས་བསྟོད་ལག་ཁྱེར་རེ་རེ་བསྩལ་གནང་བ་དེ་ལ་སྤྱིར་བཤད་གྲྭའི་ངོས་ནས་སྨན་པ་མཁས་པ་ཆེ་འབྲིང་ཆུང་གསུམ་དག་ལ་ཞབས་ཞུའི་སླད་དུ་ཕེབས་གནང་བར་བཀའ་དྲིན་གྲངས་མེད་ལག་གཉིས་ཐལ་མོ་སྦྱར་ནས་ཞུའོ། 🙏🙏🙏

Yesterday, a team of medical doctors visited the university with the noble purpose of conducting health examinations for the monastic community and providing medical treatment where necessary. In addition, the monks, motivated by boundless compassion for those in need, voluntarily donated blood free of charge. Through this altruistic act, they accumulated the positive karmic imprints of virtuous deeds. It goes without saying that such an act of selfless generosity is wholeheartedly rejoiced in and praised by our kind Root Guru, together with all the Buddhas and Bodhisattvas.

Furthermore, the medical team presented each monk who donated blood with a certificate of appreciation as a token of respect and recognition. On behalf of the monastic college as a whole, we extend our immeasurable gratitude to all the physicians—senior, middle-ranking, and junior alike—for their dedicated service and compassionate care. With palms joined in reverence, we sincerely offer our heartfelt thanks.

कल चिकित्सकों का एक दल मठीय विश्वविद्यालय में पधारा। उनका उद्देश्य संघ के भिक्षुओं के स्वास्थ्य की जाँच करना तथा आवश्यकता अनुसार उनका उपचार करना था। इसके अतिरिक्त, भिक्षु-संघ ने समस्त प्राणियों के प्रति करुणा की भावना से प्रेरित होकर निःस्वार्थ भाव से निःशुल्क रक्तदान किया। इस महान परोपकारी कार्य के माध्यम से उन्होंने शुभ कर्मों के उत्कृष्ट संस्कार अपने चित्त में संचित किए। यह कहने की आवश्यकता नहीं कि ऐसी पुण्यमयी उदारता पर हमारे परम कृपालु मूलगुरु तथा समस्त बुद्धों और बोधिसत्त्वों ने हर्ष व्यक्त करते हुए उसकी प्रशंसा की होगी।

इसके अतिरिक्त, चिकित्सकों ने रक्तदान करने वाले प्रत्येक भिक्षु को सम्मान एवं कृतज्ञता के प्रतीकस्वरूप एक-एक प्रशस्ति-पत्र प्रदान किया। समस्त मठीय महाविद्यालय की ओर से हम सभी वरिष्ठ, मध्यवर्ती तथा कनिष्ठ चिकित्सकों के प्रति, जिन्होंने निःस्वार्थ भाव से सेवा प्रदान की, हाथ जोड़कर अपनी असीम कृतज्ञता एवं हार्दिक धन्यवाद अर्पित करते हैं।

15/06/2026

༈ རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།
Through the blessings of youthful Mañjuśrī, the embodiment of the inseparable union of awareness and emptiness,

དགོངས་པའི་ཀློང་ལས་སྤོབས་པའི་གཏེར་བརྒྱད་གྲོལ།།
the eight treasures of fearless eloquence unfolded from the vast expanse of enlightened wisdom.

ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་དབང་བསྒྱུར།།
You came to wield sovereign mastery over the ocean-like treasury of scriptural transmission and realization.

མི་ཕམ་འཇམ་པའི་དབྱངས་ལ་གསོལ་བ་འདེབས།།
To Mipham Jamyang, I offer my heartfelt prayers and supplications.

🪷🪷🪷🪷🪷🪷🪷🪷🪷🪷🪷🪷🪷

༈ སྨྲ་བའི་སེངྒེ་མཁྱེན་རབ་སྙིང་ལ་ཤར། །
The wisdom of the Lion of Speech arose vividly within the depths of your heart.

ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །
You thoroughly cultivated the vast aspirations of Samantabhadra.

སྲས་བཅས་རྒྱལ་བའི་ཕྲིན་ལས་སྒྲུབ་མཛད་པ། །
You accomplished the enlightened activities of the Victorious Ones together with their bodhisattva heirs.

འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །
To Jampal Gyepé Dorje—the Vajra Delight of Mañjuśrī—I offer my devoted prayers.

🪷🪷🪷🪷🪷🪷🪷🪷🪷🪷🪷🪷🪷

༈ རབ་འབྱམས་སྲས་བཅས་རྒྱལ་བ་མ་ལུས་པའི། །
The boundless hosts of all the Victorious Buddhas together with their spiritual heirs,

རྣམ་མཁྱེན་ཡེ་ཤེས་ཕུང་པོ་གཅིག་བསྡུས་པ། །
their omniscient wisdom gathered and embodied as one single aggregate,

སྲས་ཀྱི་ཐུ་བོ་སྨྲ་བའི་སེང་གེའི་གར། །
manifested as the foremost among the Buddha’s heirs—the majestic dance of the Lion of Speech.

མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ལ། །
To Mipham Jamyang Namgyal Gyatso,

གསོལ་བ་འདེབས་སོ་བློ་གྲོས་སྣང་བ་སྩོལ། །
I offer my supplications: please grant the radiant illumination of intelligence and discerning wisdom.

🪷🪷🪷🪷🪷🪷🪷🪷🪷🪷🪷🪷🪷

༆གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།
(Gsang Nying Spyi Don Ösel Nyingpo)

འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས། །
May the fearless victory banner of the Ancient Translation School be raised ever higher.

ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས། །
May the great drum of the Dharma—of scriptural authority and realization—resound throughout all directions.

རིགས་ལམ་སེང་གེའི་ང་རོས་ས་གསུམ་ཁྱབ། །
May the lion’s roar of reasoning and valid cognition reverberate across the three realms of existence.

མཚུངས་མེད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག །
May the incomparable light of virtue and excellence spread and flourish everywhere.

ཅེས་གསུངས་སོ། །
Thus it was spoken.

Through the blessings of Mañjuśrī, the union of awareness and emptiness, the treasures of fearless eloquence blossomed from the expanse of awakened intent. Master of the vast ocean of scripture and realization, Mipham Jamyang is invoked with heartfelt devotion.

Having cultivated Samantabhadra’s boundless aspirations and fulfilled the enlightened activities of the Buddhas and Bodhisattvas, he appeared as the Lion of Speech among the Buddha’s heirs—the very embodiment of omniscient wisdom. To Mipham Jamyang Namgyal Gyatso, we pray: bestow upon us the luminous clarity of wisdom.

May the victory banner of the fearless Ancient Translation tradition be upheld; may the drumbeat of Dharma echo throughout the ten directions; may the lion’s roar of reasoning pervade the three worlds; and may the incomparable brilliance of virtue continue to shine and increase for the benefit of all beings.

༈ ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་འདས་མཆོད། ༼༡༨༤༦-༡༩༡༢༽བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་རྟ་ས་ག་ཟླ་བའི་ཚེས་ཉེར་དགུ་ཉིན་ལ་རྒྱལ་བ...
15/06/2026

༈ ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་འདས་མཆོད། ༼༡༨༤༦-༡༩༡༢༽
བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་རྟ་ས་ག་ཟླ་བའི་ཚེས་ཉེར་དགུ་ཉིན་ལ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་སྒྲོན་མེ། རྩོད་བྲལ་གྱི་མཧཱ་པཎྜི་ཏ་ཆེན་པོ། འཇམ་མགོན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་བགྲང་བྱ་༼༡༡༤༽འཁོར་བའི་རྗེས་དྲན་དུ་ཀུན་གཟིགས་མི་ཕམ་འཇམ་པའི་དབྱངས་ལ་བརྟེན་པའི་རྗེས་དྲན་ཆེད་འཕགས་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་མོའི་ཞལ་ཕྱེས་ཏེ་བླ་མའི་རྣལ་འབྱོར་དང་ཚོགས་མཆོད་བཟང་སྤྱོད་སྨོན་ལམ་ཆེན་མོ་གསོག་སྒྲུབ་དང་། སློབ་གཉེར་བ་རྣམ་པས་འཆད་རྩོད་རྩོམ་གྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ། མཐར་བསྔོ་སྨོན་དང་བཀྲ་ཤིས་པའི་ཚིག་གིས་དགོངས་རྫོགས་ལེགས་པར་མཐའ་གྲུབ་པར་བྱས།༢༠༢༦/༠༦/༡༤

𝐌𝐚𝐡𝐚 𝐏𝐚𝐫𝐢𝐧𝐢𝐫𝐯𝐚𝐧𝐚 𝐀𝐧𝐧𝐢𝐯𝐞𝐫𝐬𝐚𝐫𝐲 𝐨𝐟 𝐨𝐦𝐧𝐢𝐬𝐜𝐢𝐞𝐧𝐭 𝐌𝐢𝐩𝐡𝐚𝐦 𝐑𝐢𝐧𝐩𝐨𝐜𝐡𝐞 (𝟏𝟖𝟒𝟔-𝟏𝟗𝟏𝟐)

On the 29th day of the Saga Dawa month in the Fire Male Horse Year of the Seventeenth Rabjung cycle, a solemn commemorative observance was held marking the 114th anniversary of the passing into the expanse of Dharma (Dharmadhātu) of the incomparable master, the great non-sectarian Mahāpaṇḍita, Jamgön Lama Mipham Jamyang Namgyal Gyatso, the illuminating lamp of the glorious Ancient Translation School (Nyingma) and a foremost source of the complete teachings of the Victorious One.

In remembrance of the all-knowing Mipham Jamyang, the sacred maṇḍala of Ārya Mañjuśrī’s Magical Net (Mañjuśrī Māyājāla) was ceremonially unveiled. Devotees then engaged in the practices of Guru Yoga, the offering of Gaṇacakra (Tsok), and the accumulation and dedication of the vast aspirations of the Prayer of Noble Conduct (Samantabhadra’s Aspiration Prayer).

Furthermore, the monastic scholars and students offered extensive clouds of offerings through teaching, debate, and composition, thereby honoring the master’s enlightened activities through the traditional expression of learning and contemplation.

The observance concluded with prayers of dedication, aspirations for the flourishing of the teachings, and auspicious verses, bringing the memorial ceremony to a most excellent and harmonious completion. 14 June 2026

तिब्बती सत्रहवें रबजुङ चक्र के अग्नि-पुरुष अश्व वर्ष के सागा दावा मास की उनतीसवीं तिथि के पावन अवसर पर, समस्त बुद्ध-शासन की पूर्ण परम्परा के प्रमुख आधार, महान महापण्डित, निष्पक्ष एवं अद्वितीय आचार्य जामगोन लामा मिफाम जामयांग नामग्याल ग्यात्सो के धर्मधातु में विलीन होने की ११४वीं पुण्य-स्मृति श्रद्धापूर्वक सम्पन्न की गई। वे गौरवशाली प्राचीन अनुवाद परम्परा (निङ्मा) के प्रकाशस्तम्भ तथा बुद्ध-शासन के महान दीपक थे।

सर्वज्ञ मिफाम जामयांग की पुण्य-स्मृति में आर्य मञ्जुश्री के मायाजाल महामण्डल का विधिवत् उद्घाटन किया गया। तत्पश्चात् गुरु-योग, गणचक्र (छोग) अर्पण तथा समन्तभद्र के महान शुभाचार-प्रणिधान के व्यापक संचय एवं साधना का आयोजन किया गया।

इसके अतिरिक्त, भिक्षु-विद्यार्थियों एवं शास्त्र-अध्येताओं ने व्याख्यान, शास्त्रार्थ तथा रचनात्मक प्रस्तुतियों के माध्यम से ज्ञान और साधना के विशाल पुष्पांजलि-स्वरूप अर्पण प्रस्तुत किए, जिससे गुरु की प्रबुद्ध गतिविधियों का सम्मान किया गया।

अंत में, समस्त पुण्य का समर्पण, मंगलमय प्रार्थनाएँ तथा शुभाशंसाओं के साथ यह स्मृति-अनुष्ठान अत्यन्त सफल एवं शुभ रूप से सम्पन्न हुआ।

१४ जून २०२६।

༈ སྤྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༠༦ པའི་ཚེས་ ༠༦ རེས་གཟའ་སྤེན་པའི་ཉིན་མོར་དཔལ་གསང་ཆེན་རྙིང་མའི་མཐོ་སློབ་ཐེག་དགུའི་ལེགས་བཤད་གླིང...
06/06/2026

༈ སྤྱི་ལོ་ ༢༠༢༦ ལོའི་ཟླ་བ་ ༠༦ པའི་ཚེས་ ༠༦ རེས་གཟའ་སྤེན་པའི་ཉིན་མོར་དཔལ་གསང་ཆེན་རྙིང་མའི་མཐོ་སློབ་ཐེག་དགུའི་ལེགས་བཤད་གླིང་དུ་སློབ་གཉེར་བ་རྣམས་ཟླ་རྒྱུགས་གནང་བའི་སྐབས་ཀྱི་བརྙན་པར་འགའ་སྤྱན་དུ་གཟིགས་འབུལ་ཞུ།

On Saturday, June 06, 2026, a selection of photographs taken during the monthly examinations of the students at the Glorious Secret Great Nyingma Higher Institute of Learning, Thég-Gu Lékshe Ling, is respectfully presented for viewing.

06/06/2026

༄། གསང་ཆེན་འོད་གསལ་སྙིང་པོའི་ཤིང་རྟ་སྲོལ་གཏོད་རིག་འཛིན་དཔལ་དུ་འདྲེན། །གང་འདུལ་འགྲོ་བའི་ལམ་སྣ་ཆོས་ཆར་ཐར་པའི་ཞིང་ས་རབ་ཏུ་བསྐྲུན། །གསང་བ་གསུམ་གྱི་དགོངས་པའི་མཛད་པ་ཉི་མའི་དཀྱིལ་འཁོར་འབྱམས་སུ་ཀླས། །རྡོ་རྗེ་ཆོས་བདུན་ཁྲིད་ལ་རྟག་ཏུ་བརྟན་པར་བཞུགས་པར་གསོལ་བ་འདེབས།

།ཞེས་མཁན་ཚུལ་ཁྲིམས་རྡོ་རྗེ་ནས་གུས་བཏུད་ཕྱག་བཅས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་རིག་འཛིན་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ཚིག་གསོལ་འདེབས་བརྒྱན་ཏེ་སྦྱར་བ་ལགས་སོ། །

🪷🪷🪷🪷🪷🪷🪷🪷🪷🪷🪷

Homage and Prayer for the Guru’s Long Life

Oh glorious Vidyādhara, pioneer and upholder of the lineage-chariot of the Secret Great Luminosity Essence (Guhyagarbha’s luminous heart-essence),

Through showers of Dharma, you guide beings according to their capacities and establish them firmly upon the noble ground of liberation.

The enlightened activities arising from the wisdom intent of your three secrets—body, speech, and mind—are as vast and immeasurable as countless solar mandalas filling the expanse of space.

I earnestly pray that you remain forever steadfast, firmly abiding upon the throne of the Seven Vajra Dharmas, continuously guiding disciples and benefiting beings.

Thus, with profound devotion, reverence, and folded hands, Khenpo Tsultrim Dorje offers this prayer adorned with aspirations for the stable longevity of the lotus feet of his root guru, the most kind and gracious refuge lord, the great Vajra Holder, Kyabje Rigdzin Dorje Rinpoche, composed in conjunction with the auspicious celebration of His Holiness’s birthday.

Short Meaning

This prayer praises the Guru as:

* A holder of the profound Vajrayana lineage.
* One who guides beings to liberation through Dharma.
* One whose enlightened activities are vast and boundless.
* A master whose long life and continued presence are prayed for so that countless beings may continue to receive benefit from his teachings...

🪷🪷🪷🪷🪷🪷🪷🪷🪷🪷🪷

गुरुदेव की दीर्घायु के लिए प्रार्थना

हे परम पूज्य विद्यार्धर, गहन महागुह्य प्रकाशमय हृदय-सार की परम्परा-रथ के प्रवर्तक और धारक,

आप विविध पात्रता वाले प्राणियों का मार्गदर्शन धर्म की अमृत-वर्षा द्वारा करते हुए उन्हें मोक्षरूपी श्रेष्ठ भूमि पर दृढ़तापूर्वक स्थापित करते हैं।

आपके शरीर, वाणी और चित्त—इन तीन गुह्यों की ज्ञानमयी अभिप्रेरणा से प्रकट होने वाली बुद्ध-कर्म गतिविधियाँ असंख्य सूर्य-मण्डलों के समान असीम और अपरिमेय हैं।

मैं हृदय से प्रार्थना करता हूँ कि आप वज्रधर्म के सात महान उपदेशों के सिंहासन पर सदा अटल विराजमान रहें तथा निरन्तर शिष्यों का मार्गदर्शन करते हुए समस्त प्राणियों का कल्याण करते रहें।

इस प्रकार, मैं खेनपो त्सुलत्रिम दोर्जे, श्रद्धा, विनय और अञ्जलिबद्ध प्रणाम सहित, अपने मूल गुरु, त्रिविध कृपा से सम्पन्न, परम शरणदाता, महान वज्रधारी परम पूज्य Rigdzin Dorje Rinpoche के शुभ जन्मोत्सव के अवसर पर उनके श्रीचरणों की अटल दीर्घायु के लिए यह मंगलमयी प्रार्थना और शुभकामना अर्पित करता हूँ।

04/06/2026

༄༅། །འདིར་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་གུ་རུ་པདྨ་འབྱུང་གནས་གང་གིས་གསང་བ་གསུམ་གྱི་རྣམ་སྣང་ངོ་བོའི་སྐུ་དངོས་འགྲོ་བའི་མགོན་པོ་༸སྐྱབས་རྗེ་རྡོ་རྗེ་འཆང་ཆེན་པོ་རིག་འཛིན་རྡོ་རྗེ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༠༦ ཚེས་ ༠༤ ཉིན་གྱི་དུས་ཚིགས་དང་བསྟུན་ནས་གཙུག་ལག་མཁན་སློབ་ལས་བྱེད་ཡོངས་དང་སློབ་གཉེར་རྣམས་ནས་བཀྲ་ཤིས་བདེ་ལེགས་སྒོ་ནས་འཁྲུངས་སྐར་བསུ་བ་དང་། མགོན་པོ་གང་གི་སྐུ་ཚེ་མི་འགྱུར་ཞབས་པད་རྟག་ཏུ་བརྟན་པའི་སླད་དུ་སྐུའི་རིམ་གྲོ་ཤེར་སྙིང་བདུད་བཟློག་བཅས་ལེགས་པར་འགྲུབ་ཅིང་། གསང་ཆེན་འོད་གསལ་སྙིང་པོའི་བསྟན་པ་ཉི་འོད་ལྟར་འཛམ་གླིང་ཡོངས་ལ་ཁྱབ་ཅིང་སྐུའི་མཛད་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པ་དང་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་ཚིག་བརྒྱན་ཏེ་འཁྲུངས་སྐར་བསུ་ཞེས་ཞུ། །

🪷🪷🪷🪷🪷🪷🪷🪷🪷🪷🪷

On this auspicious occasion of the sacred birth anniversary of our supreme refuge and protector of all beings, His Eminence Vajradhara Vidyādhara Dorje Rinpoche, who is the direct embodiment of the enlightened body, speech, and mind of our Teacher, the Buddha Śākyamuni, and Guru Padmasambhava, we offer our deepest homage and felicitations.

In accordance with the celebration of His Holiness’s birth anniversary on 4 June 2026, the entire community of abbots, khenpos, teachers, staff members, and students has joyfully gathered to commemorate this auspicious day with heartfelt prayers and offerings of auspiciousness and well-being.

On this occasion, extensive long-life practices, including the recitation of the Heart Sutra and rites for averting obstacles and adverse conditions, have been diligently performed for the unwavering longevity of our revered protector, so that his sacred life may remain stable and enduring, and his lotus feet may forever abide in this world.

We further offer our earnest prayers that the precious teachings of the Secret Great Luminous Essence (Sangchen Ösel Nyingpo) may spread throughout the entire world like the radiance of the sun, illuminating all beings without exception. May all of His Eminence’s enlightened activities be spontaneously and effortlessly accomplished, and may every virtuous aspiration and Dharma undertaking flourish perfectly.

With these heartfelt words of auspicious prayers and devotion, we respectfully welcome and celebrate this sacred birth anniversary.

🪷🪷🪷🪷🪷🪷🪷🪷🪷🪷🪷

हिन्दी अनुवाद (उच्च एवं सम्मानपूर्ण शैली)

यहाँ हमारे परम शरणदाता एवं समस्त प्राणियों के महान संरक्षक, परम पूज्य वज्रधार विद्यार्धर दोर्जे रिनपोछे की पावन जयंती के शुभ अवसर पर श्रद्धापूर्वक अभिनन्दन अर्पित किया जाता है। वे हमारे आदर्श गुरु भगवान बुद्ध शाक्यमुनि तथा गुरु पद्मसम्भव के त्रिकाय—पवित्र शरीर, वाणी और चित्त—की प्रत्यक्ष अभिव्यक्ति हैं।

दिनांक 4 जून 2026 को आयोजित इस पावन जन्मोत्सव के अवसर पर, मठ के समस्त आचार्यगण, खेनपो, शिक्षक, कर्मचारी तथा विद्यार्थीगण अत्यन्त हर्ष और श्रद्धा के साथ इस शुभ दिवस का स्वागत कर रहे हैं तथा मंगलकामनाओं और शुभाशंसाओं के माध्यम से अपनी भक्ति अर्पित कर रहे हैं।

इस अवसर पर परम पूज्य गुरुजी की अचल एवं दीर्घायु के लिए प्रज्ञापारमिता हृदय सूत्र (हृदय सूत्र) के पाठ तथा विघ्न-बाधाओं के निवारण हेतु विशेष अनुष्ठानों का सफलतापूर्वक आयोजन किया गया, जिससे उनकी पवित्र आयु स्थिर एवं अविचल बनी रहे और उनके कमल सदृश चरण इस संसार में सदैव सुशोभित रहें।

हम यह भी मंगलकामना करते हैं कि गुप्त महान प्रकाशमय सार (साङ्चेन ओसल न्यिंगपो) की अमूल्य धर्मपरम्परा सूर्य के प्रकाश के समान सम्पूर्ण विश्व में फैलकर असंख्य प्राणियों का कल्याण करे। परम पूज्य गुरुजी की समस्त ज्ञानमयी एवं करुणामयी गतिविधियाँ स्वाभाविक रूप से सिद्ध हों, तथा उनके सभी धर्मकार्य और महान संकल्प पूर्ण सफलता और समृद्धि के साथ सम्पन्न हों।

इन्हीं मंगलमय प्रार्थनाओं और श्रद्धा-समर्पण से अलंकृत शुभकामनाओं के साथ हम इस पावन जन्मोत्सव का आदरपूर्वक स्वागत एवं अभिनन्दन करते हैं।

जन्मोत्सव की हार्दिक शुभकामनाएँ।
💐💐💐
🙏🙏🙏
✨✨✨

Address

Sang Martam
Lingtam

Alerts

Be the first to know and let us send you an email when Nyingma Institute, Martam, East-Sikkim, India. posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The University

Send a message to Nyingma Institute, Martam, East-Sikkim, India.:

Shortcuts

Share