𝗗𝗿𝗲𝗽𝘂𝗻𝗴 𝗟𝗼𝘀𝗲𝗹𝗹𝗶𝗻𝗴 𝗡𝗲𝘄 𝗣𝗮𝗴𝗲

  • Home
  • India
  • Mundgod
  • 𝗗𝗿𝗲𝗽𝘂𝗻𝗴 𝗟𝗼𝘀𝗲𝗹𝗹𝗶𝗻𝗴 𝗡𝗲𝘄 𝗣𝗮𝗴𝗲

𝗗𝗿𝗲𝗽𝘂𝗻𝗴 𝗟𝗼𝘀𝗲𝗹𝗹𝗶𝗻𝗴 𝗡𝗲𝘄 𝗣𝗮𝗴𝗲 Contact information, map and directions, contact form, opening hours, services, ratings, photos, videos and announcements from 𝗗𝗿𝗲𝗽𝘂𝗻𝗴 𝗟𝗼𝘀𝗲𝗹𝗹𝗶𝗻𝗴 𝗡𝗲𝘄 𝗣𝗮𝗴𝗲, College & University, Drepung Losel Ling Monastery, Mundgod.

A Very Happy 80th Independence Day to all our Indian brothers and sisters.
15/08/2026

A Very Happy 80th Independence Day to all our Indian brothers and sisters.

༈ ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ པའི་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་...
09/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ པའི་ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་བསྟན་པའི་གསལ་བྱེད་དམ་པ་འབྲས་སྤུངས་མཁན་ཁྲི་ཟུར་པ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྐབས་ཀྱི་བརྙན་པར་ཁག

༄༅། །མྱ་ངན་གུས་འདུད་ཀྱི་ཞུ་འཕྲིན།  ༄༅། །བསྟན་པའི་གསལ་བྱེད་དམ་པ་འབྲས་སྤུངས་མཁན་ཁྲི་ཟུར་པ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བ...
09/08/2026

༄༅། །མྱ་ངན་གུས་འདུད་ཀྱི་ཞུ་འཕྲིན།
༄༅། །བསྟན་པའི་གསལ་བྱེད་དམ་པ་འབྲས་སྤུངས་མཁན་ཁྲི་ཟུར་པ་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགུང་ལོ་ ༩༨ ཐོག་ཁ་རྩང་དགོང་མོ་ཕྱག་ཚོད་ ༧ : ༤༤ གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པ་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོས་པར།
གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་སྐྱེས་ཆེན་དམ་པ་ཁོང་གི་༸སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་མཆོག་གི་བཀའ་དགོངས་ཇི་བཞིན་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་སླད་དུ་གཞན་ཕན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ནས་དུས་འདའ་ཞིང་། འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རླབས་ཆེན་གྱི་མཛད་བཟང་དག་གི་བཀའ་དྲིན་རྣམས་རྗེས་སུ་དྲན་པའི་ཐོག་གདུང་ཤུགས་དྲག་པོས་ཡིད་སྐྱོའི་མྱ་ངན་གུས་འདུད་ཞུ་རྒྱུ་དང་།
ཤུལ་ལུས་ཕྱོགས་མཐའ་གང་སར་བཞུགས་པའི་དད་ལྡན་སློབ་མ་སྐྱ་སེར་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོའི་འཚམས་འདྲི་ཞུ་བ་དང་ཆབས་ཅིག

དམ་པ་གང་གི་རླབས་ཆེན་ཟག་མེད་ཐུགས་ཀྱི་དགོངས་པ་ཟབ་མོ་རྣམས་ཡོངས་སུ་རྫོགས་ཏེ་སླར་ཡང་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་བོད་ཁ་བ་གངས་ཅན་པའི་བསྟན་འགྲོའི་མགོན་དཔུང་དུ་མཁས་བཙུན་བཟང་གསུམ་ལྡན་པའི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ནས་གོང་མའི་རྣམ་མཐར་གཙང་མ་བདག་གིར་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ།

༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་གདན་ས་སོ་སོའི་དཔེ་ཁྲིད་རྒན་རྣམ་པས་སློབ་གཉེར་བ་ཚོར་དམིགས་བསལ་དགེ་སློང་གི་བསླབ་བྱ་དང་...
08/08/2026

༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་གདན་ས་སོ་སོའི་དཔེ་ཁྲིད་རྒན་རྣམ་པས་སློབ་གཉེར་བ་ཚོར་དམིགས་བསལ་དགེ་སློང་གི་བསླབ་བྱ་དང་སྤྱོད་ལམ་སྐོར་ལ་བཀའ་སློབ་ཉིན་གཉིས་རིང་གནང་དགོས་པའི་བཀའ་ཕེབས་དགོངས་དོན་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ ༨ ཚེས་ ༨ ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་རྣམ་པ་ཁག་ཅིག་ནས་སློབ་གཉེར་རྣམས་ལ་དགེ་ཚུལ་སློང་བསླབ་བྱ་དང་སྤྱོད་ལམ་སྐོར་བཀའ་སློབ་གནང་བའི་ཉིན་གཉིས་པའི་སྐབས་ཀྱི་བརྙན་པར་ཁག

༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་གདན་ས་སོ་སོའི་དཔེ་ཁྲིད་རྒན་རྣམ་པས་སློབ་གཉེར་བ་ཚོར་དམིགས་བསལ་དགེ་སློང་གི་བསླབ་བྱ་དང་...
07/08/2026

༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་གདན་ས་སོ་སོའི་དཔེ་ཁྲིད་རྒན་རྣམ་པས་སློབ་གཉེར་བ་ཚོར་དམིགས་བསལ་དགེ་སློང་གི་བསླབ་བྱ་དང་སྤྱོད་ལམ་སྐོར་ལ་བཀའ་སློབ་ཉིན་གཉིས་རིང་གནང་དགོས་པའི་བཀའ་ཕེབས་དགོངས་དོན་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ ༨ ཚེས་ ༧ ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་དགེ་བའི་བཤེས་གཉེན་རྣམ་པ་ཁག་ཅིག་ནས་སློབ་གཉེར་རྣམས་ལ་དགེ་ཚུལ་སློང་བསླབ་བྱ་དང་སྤྱོད་ལམ་སྐོར་བཀའ་སློབ་གནང་བའི་ཉིན་དང་པོའི་སྐབས་ཀྱི་བརྙན་པར་ཁག

བོད་རྒྱལ་ལོ་ ༢༡༥༣ བོད་ཟླ་ ༦ བོད་ཚེས་ ༢༣ ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུའི་ཞོགས་པར། སྤོམ་ར་དགེ་བཤེས་ལྷ་རམས་པ་བསྟ...
06/08/2026

བོད་རྒྱལ་ལོ་ ༢༡༥༣ བོད་ཟླ་ ༦ བོད་ཚེས་ ༢༣ ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༦ རེས་གཟའ་ཕུར་བུའི་ཞོགས་པར། སྤོམ་ར་དགེ་བཤེས་ལྷ་རམས་པ་བསྟན་འཛིན་འཕྲིན་ལས་མཆོག་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཁྲིམས་བདག་དགེ་བསྐོས་སུ་ཁྲི་འདོན་མཛད་སྒོའི་སྐབས་ཀྱི་བརྙན་པར་ཁག

༈ ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༥ ཉིན་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་...
05/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༥ ཉིན་སྤྱི་འཐུས་སོག་སྟོད་དངོས་གྲུབ་རྡོ་རྗེ་མཆོག་དང་། སྤྱི་འཐུས་དཀོན་མཆོག་རིན་ཆེན་མཆོག་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་དང་བསྟུན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་མཆོད་མཇལ་དང་གྲྭ་ཚང་གི་སྡེ་ཚན་ཁག་ལ་གཟིགས་སྐོར་ཕེབས་སྐབས་ཀྱི་བརྙན་པར་ཁག

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༤ རེས་གཟའ་མིག་དམར་ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གསང་སྔགས་རྒྱུགས་སྤྲོད་ཆེན་མོའི་སྐ...
04/08/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༤ རེས་གཟའ་མིག་དམར་ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གསང་སྔགས་རྒྱུགས་སྤྲོད་ཆེན་མོའི་སྐབས་ཀྱི་བརྙན་པར་ཁག

ཞབས་རིམ་གསལ་བསྒྲགས།
21/07/2026

ཞབས་རིམ་གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༧ ཞོགས་པར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དང་ཏྲེ་ཧོར་ཁམས་ཚན་གཉིས་སུ་...
17/07/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༧ ཞོགས་པར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་དང་ཏྲེ་ཧོར་ཁམས་ཚན་གཉིས་སུ་བླ་མ་གཞུུང་ལེན་པ་དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་ཁྲི་སྟོན་མཛད་སྒོའི་སྐབས་ཀྱི་བརྙན་པར་ཁག

Address

Drepung Losel Ling Monastery
Mundgod
581411

Alerts

Be the first to know and let us send you an email when 𝗗𝗿𝗲𝗽𝘂𝗻𝗴 𝗟𝗼𝘀𝗲𝗹𝗹𝗶𝗻𝗴 𝗡𝗲𝘄 𝗣𝗮𝗴𝗲 posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The University

Send a message to 𝗗𝗿𝗲𝗽𝘂𝗻𝗴 𝗟𝗼𝘀𝗲𝗹𝗹𝗶𝗻𝗴 𝗡𝗲𝘄 𝗣𝗮𝗴𝗲:

Shortcuts

Share