03/04/2026
ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༣ རེས་གཟའ་པ་སངས་སྔ་དྲོ་ཚོུད་ ༨།༣༠ ཐོག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འདི་ལོའི་ལོ་འཁོར་ལས་འཆར་ཚོགས་འདུ་འདི་བཞིན་ཚན་རིག་ཁང་དུ། ཚན་རིག་འགན་འཛིན་མཆོག་དང་ལས་རོགས་རྣམ་གཉིས། ཚན་རིག་དགེ་རྒན་དང་འགན་འཛིན་གཞོན་པ། རྒྱུན་ལས་གསར་རྙིང་བཅས་ལྷན་དུ་འཛོམས་ནས། དང་ཐོག་འགན་འཛིན་གཞོན་པས་ཚོགས་འདུའི་གྲོས་གཞི་དོན་ཚན་ཁག་སྒྲོག་སྦྱང་ཞུས་རྗེས་ཚན་རིག་འགན་འཛིན་མཆོག་གིས་སྔོན་འགྲོའི་གསུང་བཤད། དེའི་རྗེས་རྒྱུན་ལས་རྙིང་པའི་ངོས་ནས་ཉམས་མྱོང་སྤེལ་རེས་ཀྱི་བཀའ་མོལ་གནང་རྗེས་གྲོས་གཞི་དོན་ཚན་ཁག་ལྔ།
1. སློབ་ཕྲུག་གི་ཚན་རིག་ཤེས་ཚད་ཡར་རྒྱས་ཡོང་ཐབས།
2. འཛིན་སྐྱོང་བྱེད་ཕྱོགས།
3. ཁྲིམས་སྒྲིག་གཞི་དང་འབྲེལ་བའི་སྐོར།
4. མ་འོངས་ལས་འཆར་ཐོག་ལ་གོམ་པ་མདུན་སྤོས།
5. གོང་དུ་མ་གསལ་བའི་ཚོགས་བཅར་བའི་དགོངས་ཚུལ་གཞན།
བཅས་ཀྱི་སྐོར་ལ་གྲོས་མོལ་དང་བསམ་ཚུལ་བསྡུ་རུབ་ལྷུག་པོ་བྱུང་།
རྒྱུན་ལས་རྙིང་པ་ཚོས་ལས་ཡུན་རིང་ལྷག་བསམ་རྣམ་དག་གིས་ཕྱག་ལས་ཧུར་ཐག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མུ་མཐུད་ཚན་རིག་སློབ་འཁྲིད་གནང་མཁན་དགེ་རྒན་དང་རྒྱུན་ལས་གསར་པ་ཚོའི་འཆར་གཞི་དང་རེ་འདུན་ཇི་ལྟར་ཡོད་པ་བསམ་དོན་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།
On Friday morning, April 3, 2026, at 8:30 AM, the Science Center of Palden Drepung Tashi Gomang Monastic University held its annual planning meeting at the Science Center.
The meeting was attended by the Science Director and his colleague, the science teachers, the Assistant Director, and both former and newly appointed executive members. To begin, the Assistant Director presented the meeting agenda, followed by an opening address by the Science Director. Afterwards, the former Assistant Director shared his experiences.
The meeting then proceeded to discuss five main agenda points:
1. Ways to improve students’ scientific knowledge
2. Administrative procedures
3. Matters related to rules and regulations
4. Steps forward regarding future plans
5. Additional feedback and suggestions from participants not mentioned above
There was a productive and open exchange of ideas on all these topics.
We would like to express our sincere gratitude to the outgoing executive members for their dedicated and diligent service during their tenure. We also extend our best wishes for the successful realization of the plans and aspirations of the science teachers and the new executive members.