Ngagyur Nyingma Institute (Higher Buddhist Studies & Research Center)

  • Home
  • India
  • Mysore
  • Ngagyur Nyingma Institute (Higher Buddhist Studies & Research Center)
Call Directions Website Contact the university

Ngagyur Nyingma Institute (Higher Buddhist Studies & Research Center) This is the official page of Ngagyur Nyingma Institute (Higher Buddhist Studies & Research Center).

Please visit to following web-links for further information:
__________________________________________

https://namdroling.net

༼ སློབ་ཚན་ཕྱི་མའི་ཟླ་རྒྱུགས་སྔ་མ།༽༈ སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༢༦ རེས་གཟའ་སྤེན་པ་སྔ་དྲོའི་ཆར་། སྔ་འགྱུར་མཐོ་སློབ་ཆེན་མོའི...
26/09/2026

༼ སློབ་ཚན་ཕྱི་མའི་ཟླ་རྒྱུགས་སྔ་མ།༽
༈ སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༢༦ རེས་གཟའ་སྤེན་པ་སྔ་དྲོའི་ཆར་། སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་རིམ་དང་པོ་དང་། ལོ་རིམ་གཉིས་པའི་སློབ་གཉེར་བ་རྣམས་ཀྱིས་རྩ་བའི་སློབ་ཚན་ཕྱི་མའི་ཟླ་རྒྱུགས་སྔ་མ་བཏང་ཡོད།
༡༽ ལོ་རིམ་དང་པོ། «སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ།»མཛད་པ་པོ་མཁན་པོ་ཡོན་ཏན་རྒྱ་མཚོ། (19th-20th C.)
༢༽ ལོ་རིམ་གཉིས་པ། «མཁས་པའི་ཚུལ་ལ་འཇུག་པའི་སྒོ།» མཛད་པ་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། (1846-1912)
འདི་འཛིན་རྣམས་ཀྱི་ཡིད་ལ་འཇམ་པའི་དབྱངས། །
ཞུགས་ནས་གཟུངས་སྤོབས་བློ་གྲོས་མཆོག་ཐོབ་ཅིང་། །
འདི་ཡི་དགེ་བས་མ་ལུས་འགྲོ་བ་ཀུན། །
མཁྱེན་རབ་བདག་པོའི་གོ་འཕང་འགྲུབ་གྱུར་ཅིག །

First Monthly Examination of the Second Term

This morning, first- and second-year NNI students sat for their first Term II monthly examination.

First Year
* Annotated Commentary on the Ascertainment of the Three Vows
* Authored by Khenpo Yönten Gyatso (19th–20th century)

Second Year
* The Gateway to Knowledge
* Authored by Mipham Jamyang Namgyal Gyatso (1846–1912)

May Mañjuśrī enter the minds of these scholars,
Bestowing supreme retention, confidence, and wisdom;
And by this virtue, may all living beings, without exception,
Attain the sublime state of the Lord of Supreme Knowledge!

༼ གསོ་སྦྱོང་བཅོ་ལྔ་པ། ༽༈སྤྱི་ལོ་ ༢༠༢༦ ཟླ་བ་ ༠༩ པའི་ཚེས་ ༢༦ རབ་གནས་མེ་ཕོ་རྟ་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན། སྔ་འག...
26/09/2026

༼ གསོ་སྦྱོང་བཅོ་ལྔ་པ། ༽
༈སྤྱི་ལོ་ ༢༠༢༦ ཟླ་བ་ ༠༩ པའི་ཚེས་ ༢༦ རབ་གནས་མེ་ཕོ་རྟ་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ཚོགས་གཙོ་མཁན་རིན་པོ་ཆེ་ཟླ་བ་དཔལ་འབྱོར་དབུ་བཞུགས་ཐོག་དགེ་འདུན་བཙུན་པ་དང་བཙུན་མ་ཡོངས་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་གསོ་སྦྱོང་བཅོ་ལྔ་པ་འཚོགས་ཡོད།
བག་ཡོད་མཐུན་པའི་རླུང་གིས་ཚུལ་ཁྲིམས་གཟིངས། །མངོན་མཐོའི་རིན་ཆེན་གླིང་བགྲོད་ཐར་པའི་ནོར། །ལྷག་བསམ་རྒྱལ་མཚན་རྩེ་མོར་ཡོངས་བཀོད་ནས། །འགྲོ་རྣམས་ཕན་བདེ་འདོད་རྒུས་ཚིམ་བྱེད་ཤོག །

26/09/2026

The 15th-Day Sojong Ceremony

Monks and nuns gathered inside the main temple to observe the 15th-day Sojong (Poṣadha / bi-monthly purification ceremony). The ceremony was presided over by President Khen Rinpoche Dawa Paljor.

Propelled by the favourable winds of heedfulness,
May the vessel of moral discipline sail to the jewel-island of higher realms;
And mounting the riches of liberation atop the victory banner of pure motivation,
May it fulfil and satisfy all beings with every wish-granting benefit and bliss!

༄༅། །སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་གཉིས་པར་གསུང་བཤད་གནང་མཁན་མཁན་སློབ་རྣམ་པ།བགྲོ་གླེང་དངོས་གཞིའི་ར...
22/09/2026

༄༅། །སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་གཉིས་པར་གསུང་བཤད་གནང་མཁན་མཁན་སློབ་རྣམ་པ།

བགྲོ་གླེང་དངོས་གཞིའི་རིམ་པ་རྣམས་རྒྱ་ཆེ་བའི་གསན་གཟིགས་གནང་མཁན་ཡོངས་ལ་ངོ་དེབ་ཁ་བྱང་འདི་བརྒྱུད་ནས་ཐད་གཏོང་ཞུ་རྒྱུ་ཡིན་པས་མཉམ་ཞུགས་དང་དགའ་རྟགས་གནང་རོགས།

Speakers at the 12th Seminar on the Distinct View & Philosophy of the Nyingma School

The seminar will be livestreamed on this page. Please join us, like, and share!

༄༅། །སྤྱི་ལོ་༢༠༢༦ ཟླ ༩ ཚེས་ ༢༠ རེས་གཟའ་ཉི་མའི་དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། སྨན་པ་ཨ...
20/09/2026

༄༅། །སྤྱི་ལོ་༢༠༢༦ ཟླ ༩ ཚེས་ ༢༠ རེས་གཟའ་ཉི་མའི་དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། སྨན་པ་ཨང་རྒྱ་ལུ་ནས་དགེ་སློབ་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་ལ་དམིགས་ནས། འཕྲོད་བསྟེན་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནད་དུ་སྨིན་པ་ཞིག་་གནང་ཡོད།

20/09/2026

This evening, Dr. Ang Gelu gave a health awareness talk to all the faculty and students of Ngagyur Nyingma Institute.

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༩ རེས་གཟའ་སྤེན་པའི་སྔ་དྲོ་ཕྱག་ཚོད་ ༨ : ༣༠ སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་ག...
19/09/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༩ རེས་གཟའ་སྤེན་པའི་སྔ་དྲོ་ཕྱག་ཚོད་ ༨ : ༣༠ སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམས་ཀྱིས་དཀའ་བ་དང་དུ་བླངས་ཤིང་། ངལ་བ་ཁྱད་སད་ཀྱི་སྒོ་ནས། དབྱར་གནས་ནང་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་སྤྲོད་བཏང་བའི་གྲུབ་འབྲས་གསལ་བཤད་དང་ཆབས་ཅིག རྒྱུགས་སྤྲོད་ཨང་དང་པོ། གཉིས་པ། གསུམ་པར་སོན་མཁན་སློབ་གཉེར་བ་རྣམས་ལ་བཤད་གྲྭ་ཁག་གཉིས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་ཟླ་བ་དཔལ་འབྱོར་མཆོག་ནས་གཟེངས་བསྟོད་ཕྱག་ཁྱེར་དང་བྱ་དགའི་གསོལ་རས་གནང་ཡོད།

19/09/2026

This morning, the results of the examinations in exposition, debate, and composition held during the Summer Retreat were announced.

In recognition of the dedicated and tireless efforts of the students from both Ngagyur Nyingma Institute (NNI) and Ngagyur Nyingma Nunnery Institute (NNNI), President Khen Rinpoche Dawa Paljor awarded certificates of commendation and prizes to those who secured first, second, and third places.

༼  ལྗོངས་རྒྱུའི་སྐབས་ཀྱི་མཐོང་སྣང་། ༽༄༅། །བོད་རབ་རྒྱན་མེ་ཕོ་རྟ་ལོའི་ཁྲུམས་ཟླ་བའི་ཚེས་གཅིག་གི་སྔ་དྲོའི་ཆར་མཁན་པོ་ཐུབ་བསྟན...
12/09/2026

༼ ལྗོངས་རྒྱུའི་སྐབས་ཀྱི་མཐོང་སྣང་། ༽
༄༅། །བོད་རབ་རྒྱན་མེ་ཕོ་རྟ་ལོའི་ཁྲུམས་ཟླ་བའི་ཚེས་གཅིག་གི་སྔ་དྲོའི་ཆར་མཁན་པོ་ཐུབ་བསྟན་བློ་གྲོས་ཟླ་བས་གཙོས་དབྱར་གནས་པའི་དགེ་འདུན་པ་རྣམས་ཞི་དུལ་བག་ཡོད་ཀྱི་སྤྱོད་ལམ་ལ་གནས་ཏེ་ལྗོངས་རྒྱུར་ཕེབས་གནང་ཡོད།

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །
ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །
ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །

ljongs rgyu (Stroll Ceremony)

A glimpse of the Sangha members, led by Summer Retreat Khenpo Thubten Lodro Dawa, as they set out on the stroll ceremony earlier this morning.

May ethical discipline be flawless and intact,
�Endowed with completely pure conduct;
�Through discipline free from pride and conceit,
�May the perfection of ethical discipline be fulfilled!

༼ དགག་དབྱེ་དངོས་གཞི། ༽༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༡ རེས་གཟའ་པ་སངས་གྲོ་བཞིན་ཟླ་བའི་ཚེས་ ༣༠ ཐོ་རངས་ཀྱི་དུས་སུ་བཤད་གྲྭ་...
11/09/2026

༼ དགག་དབྱེ་དངོས་གཞི། ༽
༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༡ རེས་གཟའ་པ་སངས་གྲོ་བཞིན་ཟླ་བའི་ཚེས་ ༣༠ ཐོ་རངས་ཀྱི་དུས་སུ་བཤད་གྲྭ་ཁག་གཉིས་ཀྱི་དགེ་འདུན་བཙུན་པ་དང་བཙུན་མ་རྣམས་འདུ་ཁང་དུ་འཚོགས་ཏེ། གཞི་གསུམ་ཟིན་བྲིས་ལས་གསལ་བ་ལྟར་མཁན་པོས་གཙོས་དགེ་སློང་བརྒྱ་ཕྲག་གསུམ་དང་བཅུ་ཕྲག་བདུན། ཉག་མ་གསུམ། དེ་བཞིན་དགེ་ཚུལ་བརྒྱ་ཕྲག་བདུན་དང་། བཅུ་ཕྲག་བདུན། ཉག་མ་བདུན་བཅས་ཀྱིས་དགག་དབྱེ་ལེགས་པར་མཛད་དེ་འདི་ལོའི་དབྱར་གནས་ཁ་དགེ་བཀྲ་ཤིས་པའི་ངང་ནས་གྲོལ་ཐུབ་པ་བྱུང་ཡོད།
བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི། །
འདུས་པའི་ཚོགས་ཀྱི་གནས་འདིར་ཡོངས་གང་ནས། །
རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །
ཐུབ་བསྟན་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག །

Conclusion of the Summer Retreat

This morning, the Sangha of monks and nuns from NNI and NNNI gathered in the main assembly hall. Seated according to monastic seniority, the assembly was led by the Summer Retreat Khenpo.

In accordance with the manual on the Three Grounds of Vinaya, 373 fully ordained monks (bhikṣus), headed by the Abbot, and 777 novice monks (śrāmaṇeras) performed the Pravāraṇā ceremony.

This brought this year’s summer rains retreat (Yarne) to a successful and auspicious conclusion.

May this place be filled to the brim with assemblies
�Of saffron-robed holders of the three higher trainings;
�Through perpetual study and practice until the end of existence,
�May all be auspicious for the Buddha's teachings to flourish in every direction!

༼ དགག་དབྱེ་སྦྱོར་ཆོས། ༽༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༠ རེས་གཟའ་ཕུར་བུའི་དགོང་མོའི་ཆར་ཨོ་རྒྱན་མདོ་མདོ་སྔགས་བཤད་སྒྲུབ་འོ...
10/09/2026

༼ དགག་དབྱེ་སྦྱོར་ཆོས། ༽
༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༠ རེས་གཟའ་ཕུར་བུའི་དགོང་མོའི་ཆར་ཨོ་རྒྱན་མདོ་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་འདུ་ཁང་ཆེན་མོར། སྔ་འགྱུར་མཐོ་ཆེན་མོའི་དབྱར་མཁན་པོ་ཐུབ་བསྟན་བློ་གྲོས་ཟླ་བས་དགེ་འདུན་འདུས་པ་རྒྱ་མཚོ་ལ། «མདོ་མཛངས་བླུན་ལེའུ་བཞི་པ། ལུས་བཙོངས་ཏེ་མཆོད་པ་བྱས་པའི་»སྐོར་ཆོས་གསུངས་པ་དང་། གཞན་ཡང་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམ་པས་ལེགས་བཤད་འཆད་རྩོད་ཀྱིས་མཆོད་པ་སྣ་ཚོགས་སྤྲོས་ནས། མཐར་བཀྲ་ཤིས་པའི་ཚིག་བཟང་དང་བཅས་ཏེ་དགག་དབྱེའི་སྦྱོར་ཆོས་ལེགས་པར་མཐའ་གྲུབ་གནང་ཡོད།

Preparatory Practice for the Gagye (Pravāraṇā) Ceremony

This evening, September 10, 2026, inside the main temple, Orgyen Do-ngak Shedrub Osel Dargye Ling, the Summer Retreat Khenpo of NNI, Thubten Lodoe Dawa, delivered a Dharma discourse to the assembled Sangha and lay devotees. He taught from the fourth chapter of The Sutra of the Wise and the Foolish, focusing on the account of selling one's body to make offerings.

Furthermore, the students of NNI presented expositions and engaged in philosophical debates. Finally, the preparatory practice for the Gagye ceremony (the lifting of the summer retreat restrictions) was successfully concluded with the recitation of auspicious prayers.

10/09/2026

༼ དབྱར་གནས་སྐབས་ཀྱི་བརྙན་ཐུང་བར་པ། ༽
༄༅། །སྤྱི་ལོ་ ༢༠༢༦ ལོའི་དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་རྣམས། དྲྭ་གྲོགས་ཡོངས་ཀྱི་ཐུགས་ཕན་གསོས་ན་སྙམ་པའི་ཀུན་སློང་ཞིག་གིས་ཟུར་ཙམ་ཞིག་བརྙན་སྒྲིག་བྱས་ཏེ་སྤྱན་འབུལ་ཞུས་ཡོད། དྲྭ་གྲོགས་རྣམ་པས་དགའ་ཞིང་སྤྲོ་བའི་ངང་ནས་གཟིགས་གནང་ཡོང་བའི་རེ་བ་ཆེ།

Summer Retreat Video: Part II

Highlights of the scholarly activities—exposition, debate, and composition—from the 2026 Summer Retreat. We hope our online community enjoys watching!

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༠༦ རེས་གཟའ་ཉི་མའི་དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། དབྱར...
06/09/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༠༦ རེས་གཟའ་ཉི་མའི་དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་བགྲོ་གླེང་དམ་བཅའ་ཚོགས་ཐེངས་མཐའ་མའི་སྐབས་ཚོགས་གཙོ་མཁན་རིན་པོ་ཆེ་ཟླ་བ་དཔལ་འབྱོར་དབུ་བཞུགས་ཐོག གཙོ་སྐྱོང་བ། སློབ་དཔོན་ཀརྨ་ཚེ་རིང། དཔྱད་གླེང་བ་སྔ་མ། ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཕུར་བུ་ཚེ་རིང་། བརྗོད་གཞི། « གཞན་སེལ་ལ་དཔྱད་ཀུན་རྟོག་གི་འཆར་སྣང་།»དཔྱད་གླེང་བ་ཕྱི་མ། ལོ་རིམ་བརྒྱད་པའི་སློབ་གཉེར་བ་པདྨ་རྒྱལ་མཚན་གུ་རུང་། བརྗོད་གཞི། « ཚངས་པའི་བུ་མོའི་ཞབས་རྗེས་འཚོལ་བའི་གཏམ་བློ་ཆུང་བྱིས་པའི་གླུ་དབྱངས།»བཅས་ཀྱི་སྐོར་ལ་དཔྱད་རྩོམ་དམ་བཅའ་བཞུགས་ཡོད་པ་མ་ཟད། འདི་ལོའི་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་ལ་མཉམ་ཞུགས་གནང་མཁན་སློབ་གཉེར་བ་ཡོངས་ཀྱིས་ཁྲལ་སོད་ཙམ་མིན་པར། གཞུང་གི་དཀའ་གནད་རྣམས་ལ་ལུང་རིགས་རྣམ་དག་གིས་བརྒྱན་ཏེ་འཆད་རྩོད་རྩོམ་གསུམ་བགྱིས་པ་རྣམས་དེ་རིང་བཀྲ་ཤིས་པའི་ངང་ནས་མཇུག་གྲུབ་ཡོད།

བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །
བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པ། །
མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།

The symposium featuring selected 8th-year students, held as part of the summer retreat activities, successfully concluded this evening at NNI.

The session was presided over by President Khen Rinpoche Dawa Paljor and moderated by Lopon Karma Tshering.

The first presenter, 8th-year student Phurba Tsering, spoke on the topic: "An Analysis of Apoha (Exclusion of Others): Conceptual Appearances."

The second presenter, 8th-year student Pema Gyaltsen Gurung, presented: "Searching for the Footprints of the Daughter of Brahma: A Song of a Simple Child."

In addition to this symposium, the students who participated in the exposition, debate, and composition during Summer Retreat did not treat their duties as mere formalities or a way to pass the time. Instead, they elucidated difficult scriptural points, supporting them with authentic citations and logical reasoning.

From now until the end of existence for all beings,

By upholding, preserving, and spreading throughout the reaches of space.

The complete teachings and the heart-essence of the doctrine,

May the teachings of the Lake-born Victor flourish!

Address

Ngagyur Nyingma Institute, Namdrolling Monastery, Aralikumari, P. O. Bylakuppe
Mysore
571104

Alerts

Be the first to know and let us send you an email when Ngagyur Nyingma Institute (Higher Buddhist Studies & Research Center) posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The University

Send a message to Ngagyur Nyingma Institute (Higher Buddhist Studies & Research Center):

Shortcuts

Share