Ngagyur Nyingma Research Centre

Directions

Ngagyur Nyingma Research Centre Research Department of Ngagyur Nyingma Institute, the prestigious monastic university of Namdroling Monastery, Golden Temple

སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་དགུ་པའི་ཚེས་ ༦ ནས་ ༡༠ ཡི་བར་ཉིན་ལྔའི་རིང་བལ་ཡུལ་ཞེ་ཆེན་དགོན་དུ་འཚོགས་པའི་གཞུང་ལུགས་ཕན་ཚུན་བར་...
12/09/2026

སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་དགུ་པའི་ཚེས་ ༦ ནས་ ༡༠ ཡི་བར་ཉིན་ལྔའི་རིང་བལ་ཡུལ་ཞེ་ཆེན་དགོན་དུ་འཚོགས་པའི་གཞུང་ལུགས་ཕན་ཚུན་བར་གྱི་འབྲེལ་ལམ་རིག་པ་ (Intertextuality worshop) ཡི་ཟབ་སྦྱོང་།
ཧམ་བྷག་མཁྱེན་བརྩེ་ལྟེ་གནས་ཁང་ (Khyentse Center) དང་གཞུང་ལུགས་ཕན་ཚུན་བར་གྱི་འབྲེལ་ལམ་རིག་པ་ (Intellexus) ཡི་ལས་འཆར་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བ་ལྟར། ཉིན་ལྔའི་རིང་། མཁས་དབང་རྡོ་རྗེ་དབང་ཕྱུག་དང་། འབུམ་རམས་པ་ཨོར་ན་ཨལ་མོ་གི་རྣམ་གཉིས་ཀྱིས་དབུས་གཞུང་ལུགས་ཕན་ཚུན་གྱི་འབྲེལ་ལམ་རིག་པ་ (Intellexs) དང་། རིག་གཞུང་ཞིབ་འཇུག་ལས་འཆར་ (ARPI) སྔ་འགྱུར་རྙིང་མའི་གསུང་རབ་ཞིབ་འཇུག་ཚོགས་པ་ (ARCAS) ཡི་ཞིབ་འཇུག་པ་སྐོར་ཞིག་དངོས་སུ་མཉམ་འཛོམས་དང་། ཞིབ་འཇུག་པ་སྐོར་ཞིག་དྲ་ལམ་བརྒྱུད་ནས་མཉམ་ཞུགས་གནང་བ་ལྟར། གཞུང་ལུགས་ཕན་ཚུན་བར་གྱི་འབྲེལ་ལམ་སྐོར་ནས་བསམ་འཆར་རྗེ་ལེན་དང་། དྲི་བ་དྲི་ལན། ལག་ལེན་ལ་འདེབས་ཕྱོགས། དམིགས་བསལ་ཤེས་རྟོགས་བྱུང་བའི་གཞུང་ལུགས་ཕན་ཚུན་བར་གྱི་འབྲེལ་ལམ་ཐད་མི་སྒེར་སོ་སོས་སྤྱན་བསྟར་དང་འབྲེལ་གཏམ་བཤད་བཅས་གནང་།
གོ་སྒྲིག་པ་དང་སློབ་སྟོན་པ། འབུམ་རམས་པ་ཨོར་ན་ཨལ་མོ་གི (Orna Almogi) དང་། མཁས་དབང་རྡོ་རྗེ་དབང་ཕྱུག
ཟབ་སྦྱོང་ལ་མཉམ་ཞུགས་པ། མཁས་དབང་རྡོ་རྗེ་དབང་ཕྱུག འབུམ་རམས་པ་ཨོར་ན་ཨལ་མོ་གི མཁན་པོ་བཀྲ་ཤིས་རྡོ་རྗེ། མཁན་པོ་ཆོས་འཕེལ་ནོར་བུ། མཁན་པོ་སྐལ་བཟང་དོན་གྲུབ། མཁན་པོ་ཨོ་རྒྱན་ཕུན་ཚོགས། མཁན་མོ་པདྨ་ཆོས་སྐྱིད། མཁན་པོ་ཀརྨ། མཁན་པོ་བསོད་ནམས་རྒྱལ་མཚན། མཁན་པོ་ཨོ་རྒྱན་དབང་ཕྱུག མཁན་པོ་ཚུལ་ཁྲིམས་ནོར་བུ། མཁན་པོ་ཆོས་རྒྱལ་བཟང་པོ། སློབ་དཔོན་བཀའ་འགྱུར་ཚེ་རིང་། སློབ་དཔོན་ཆོས་ཀྱི་དབང་ཕྱུག
དྲ་ལམ་བརྒྱུད་སྤྱན་བསྟར་དང་གཏམ་བཤད་གནང་མཁན་ལ། རེ་བྷེ་ཀཱ་སུན་ཌེན་ (Rebecca Sundén) ཇིན་གྱི་ཡང་། (Jingyi Yang ) ནི་ཀོ་ལ་བྷ་ཇེ་ཏ་ (Nicola Bajetta) པདྨ། (Pema) གཞན་བསོད་ནམས་རྒྱལ་མཚན་དང་། བསོད་ནམས་ཆོས་སྒྲོན་གྱི་ངོ་ཚབ།

སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་བརྒྱད་པའི་ཚེས་༣༡ ནས་དགུ་པའི་ཚེས་ ༤ བར་བལ་ཡུལ་ཞེ་ཆེན་དགོན་དུ་འཚོགས་པའི་རིག་ནུས་ (AI Workshop) ...
11/09/2026

སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་བརྒྱད་པའི་ཚེས་༣༡ ནས་དགུ་པའི་ཚེས་ ༤ བར་བལ་ཡུལ་ཞེ་ཆེན་དགོན་དུ་འཚོགས་པའི་རིག་ནུས་ (AI Workshop) ཀྱི་ཟབ་སྦྱོང་།
ཧམ་བྷག་མཁྱེན་བརྩེ་ལྟེ་གནས་ཁང་ (Khyentse Center) དང་གཞུང་ལུགས་ཕན་ཚུན་གྱི་འབྲེལ་ལམ་རིག་པ་ (Intellexus) ཡི་ལས་འཆར་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་གནང་ཞིང་། རེའི་ཆ་མན་ (Reichman) སློབ་གྲྭ་ཆེན་མོའི་རྩིས་འཕྲུལ་ཆེད་ལས་པ་ཀའི་གོ་ལན་ཧ་ཤི་ལོ་ནི་ (Kai Golan Hashiloni) ལགས་ཀྱིས་སྣེ་ཁྲིད་པའི་ཉིན་ལྔའི་ཟབ་སྦྱོང་རིང་། མཉམ་ཞུགས་པ་རྣམས་ལ་རིག་ནུས་ (AI) ཀྱི་སློབ་ཁྲིད་དང་སྦྱོང་བརྡར་ལག་ལེན་ལ་ཐེབས་པར་བྱས། ཟབ་སྦྱོང་འདི་ནི་རིག་གཞུང་ཞིབ་འཇུག་ལས་འཆར་ (ARPI) དང་། སྔ་འགྱུར་རྙིང་མའི་གསུང་རབ་ཞིབ་འཇུག་ཚོགས་པ་ (ARCAS) གཉིས་ཀྱི་ཞིབ་འཇུག་པ་རྣམས་ལ་དམིགས་ནས་བཟོས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་ཡིག་ཐོག་བཞུགས་པའི་ནང་བསྟན་གཞུང་ལུགས་ཁག་རིག་ནུས་ཀྱི་དུས་རབས་དང་བསྟུན་ནས་ལག་ལེན་ལ་བསྟར་རྒྱུ་དེ་ཡིན། ཟབ་སྦྱོང་གི་སློབ་ཚན་ཁག་གི་ནང་། ཉིན་རེའི་བྱ་བཞག་ (Daily life) ནང་རིག་ནུས་ལག་ལེན་ལ་བསྟར་ཕྱོགས་དང་། བོད་ཡིག་དཔེ་ཆ་གློག་རྡུལ་ཅན་དུ་གཏོང་བྱེད་ཀྱི་མཐོང་རིག་འཕྲུལ་ཆས་དང་ཡིག་གེའི་ངོས་འཛིན་ (OCR) ལག་ལེན། བརྡ་མཛོད་ཆེན་མོའི་མཐུན་རྐྱེན་ (LLM) དང་བཀོལ་ཚིག་འཕྲུལ་རིག (Prompt Engineering) འཚོལ་བསྡུ་སྣོན་མའི་ལན་འདེབས། (RAG) བྱེ་བྲག་རང་མོས་ཀྱི་བཀོད་སྒྲིག་རིག་ནུས་ (Agentic AI) འདི་བཞིན་གཞུང་ལུགས་ཕན་ཚུན་བར་གྱི་འབྲེལ་ལམ་རིག་པ་ (Intellexus) ཡི་ལས་འཆར་གྱི་དཔེར་བརྗོད་ལ་བརྟེན་ནས་ནང་དོན་རིག་པ་དང་སྒྲ་རིག་པའི་ཞིབ་འཇུག་ནང་རིག་ནུས་ (AI) ལག་ལེན་བསྟར་ཕྱོགས་ཀྱི་དམིགས་བསལ་གནས་ཚུལ་བཅས་ཀྱང་ཚུད་ཡོད། ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་རྣམས་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་ཁྲོད་རིག་ནུས་ (AI) ཀྱི་ཐབས་རྩལ་ཁག་དངོས་སུ་ལག་ལེན་ལ་བསྟར་བའི་ཉམས་མྱོང་དང་། རིག་ནུས་ (AI) ཀྱི་དགོས་མཁོ་དང་། རིག་ནུས་ཀྱི་གལ་ཆེའི་ཤེས་བྱ་རྣམས་ལ་ངོས་འཛིན་དང་། གོ་རྟོགས། སྦྱོང་བརྡར་བཅས་དངོས་སུ་ཚུད་ཐུབ་པ་བྱུང་ཡོད།
གོ་སྒྲིག་པ། འབུམ་རམས་པ་ཨོར་ན་ཨལ་མོ་གི (Orna Almogi) དང་། མཁས་དབང་རྡོ་རྗེ་དབང་ཕྱུག སློབ་སྟོན་པ། ཀ་ཡི་གོ་ལན་ཧ་ཤི་ལོ་ནི (Kai Golan Hashiloni)
ཟབ་སྦྱོང་ལ་མཉམ་ཞུགས་པ། མཁན་པོ་ཀརྨ། མཁན་པོ་བསོད་ནམས་རྒྱལ་མཚན། སློབ་དཔོན་བཀའ་འགྱུར་ཚེ་རིང་། མཁན་པོ་ཨོ་རྒྱན་དབང་ཕྱུག མཁན་པོ་ཚུལ་ཁྲིམས་ནོར་བུ། མཁན་པོ་ཆོས་རྒྱལ་བཟང་པོ། མཁན་པོ་བཀྲ་ཤིས་རྡོ་རྗེ། མཁན་པོ་ཆོས་འཕེལ་ནོར་བུ། མཁན་པོ་སྐལ་བཟང་དོན་གྲུབ། མཁན་པོ་ཨོ་རྒྱན་ཕུན་ཚོགས། སློབ་དཔོན་ཆོས་ཀྱི་དབང་ཕྱུག མཁན་མོ་པདྨ་ཆོས་སྐྱིད་བཅས།
ཧམ་བྷག་གཙུག་ལག་སློབ་ཆེན་ (University of Hamburg) གྱི་དྲ་ངོས་སུ་བཀོད་པ་དེ་ཉིད་བོད་ཡིག་ཏུ་དོན་སྒྱུར་ཙམ་ཞུས།

༈ མཁན་རིན་པོ་ཆེ་བསོད་ནམས་ཉི་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ།🙏🙏🙏འདི་ག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་ལས་ཁུངས་ཀ...
11/05/2026

༈ མཁན་རིན་པོ་ཆེ་བསོད་ནམས་ཉི་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ།🙏🙏🙏
འདི་ག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་ལས་ཁུངས་ཀྱི་ཅ་དངོས་སོགས་བདག་གཉེར་བྱེད་ས་དང་ཡིག་ཆའི་རིགས་སྒྲིག་ཤོམ་བྱེད་བདེ་བའི་དཔེ་སྒྲོམ་སྤུས་ལེགས་ཤིག་མངགས་ཉོའི་སླད་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་ཐོག་དྲུག་པ་མཁན་རིན་པོ་ཆེ་བསོད་ནམས་ཉི་མ་མཆོག་ནས་མཁན་པོ་བཀྲ་ཤིས་རྡོ་རྗེ་བརྒྱུད་ཧིན་སྒོར་འབུམ་གཅིག་དང་ཁྲི་བཞི་ཐམ་པ་གནང་སོན་བྱུང་བར་མ་ཟད། དཔེ་སྒྲོམ་ཡང་ལེགས་གྲུབ་བྱུང་སྟེ་ད་ལྟར་ལས་ཁུངས་སུ་སྒྲིག་བཀོད་སོགས་བྱས་ཟིན། དེས་ན་མཁན་རིན་པོ་ཆེ་བསོད་ནམས་ཉི་མ་མཆོག་ནས་གཏོང་ཕོད་ཆེན་པོས་དེ་ལྟར་སྦྱིན་བདག་གནང་བ་ལ་འདི་གའི་ཁྱབ་ཁོངས་སུ་གཏོགས་པའི་ཞིབ་འཇུག་པ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། སླད་ཕྱིན་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།
བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།།
བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ།།
བསྟན་པའི་སྦྱིན་བདག་མངའ་ཐང་དར་ཞིང་རྒྱས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ནས་སྤྱི་ལོ་ 2026 ལོའི་སྤྱི་ཟླ་ 5 པའི་ཚེས་ 11 ཉིན་ཕུལ།

བཀའ་དྲིན་བླ་མེད་དུ་ཆེ། 🙏🙏🙏བདག་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེས...
20/04/2026

བཀའ་དྲིན་བླ་མེད་དུ་ཆེ། 🙏🙏🙏

བདག་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེས། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ལ་དུས་ཀུན་ཐུགས་ཁུར་དང་ལམ་སྟོན་གྱི་བཀའ་དྲིན་བླ་མེད་དུ་བསྐྱངས་དང་སྐྱོང་བཞིན་པ་ལྟར། ད་ཐེངས་ཀྱང་ཞིབ་འཇུག་ལྟེ་གནས་ཁང་གི་འགྲོ་གྲོན་གྱི་སླད། ཧིན་སྒོར་འབུམ་བཅུ་ཐམ་པ་བཤད་གྲྭའི་དངུལ་གཉེར་བརྒྱུད་ནས་གནང་བ་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་འབྲེལ། བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་ཐམས་ཅད་གེགས་མེད་ལྷུན་གྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་བཅས། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ནས་སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༤ པའི་ ༢༠ ཉིན་ཕུལ།

༈ སྔ་འགྱུར་བསྟན་པའི་སྣང་བྱེད་མཁན་ཆེན་པདྨ་ཤེས་རབ་མཆོག་གི་ཞབས་བརྟན་བཞུགས་སོ།།
སངས་རྒྱས་གཉིས་པ་པདྨ་སམྦྷ་ཝའི།།
རིང་ལུགས་དྲི་མེད་མདོ་སྔགས་གཞུང་རབ་འབྱམས།།
ཚུལ་གནས་ཐོས་དང་བསམ་པའི་ཉེར་ལེན་གྱིས།།
སྒོམ་བྱུང་ཤེས་རབ་སྤེལ་ལ་རིངས་པ་བཞིན།།
ལེགས་གསུང་དོན་གྱི་གཏིང་དཔོག་མཁས་པའི་གྲལ།།
འགྲིམ་བཞིན་བསླབ་གསུམ་ནོར་ལྡན་བཙུན་པའི་ཁྱུ།།
སྐྱེས་བཟང་བཤད་སྒྲུབ་བདུད་རྩིའི་དགའ་སྟོན་ནི།།
ཅི་དགར་སྤྲོས་ཤིག་བསྟན་འགྲོའི་གསོས་སུ་སྨན།།
ཀུན་ཏུ་གཡོ་མེད་ལྷག་བསམ་རྩ་བ་བརྟན།།
ནམ་ཡང་མི་ལྷོད་བརྩོན་པའི་ཡལ་འདབ་ཕྱུག།
འབད་པ་དོན་ལྡན་ཕན་བདེའི་འབྲས་བཟང་སྨིན།།
བཀྲ་ཤིས་གྲིབ་བསིལ་སྣུམ་པོས་ཁྱོད་འཚོ་ཤོག།
ཅེས་པའང་ཛྙཱ་ནས་དུས་བཟང་པོར་སྨོན་འདུན་དང་བཅས་བྲིས་པ་འོ། །

ཨོཾ་སྭ་སྟི། རྩ་གསུམ་ཚེ་ལྷ་རྒྱ་མཚོའི་རྟེན་འབྱུང་ལས།།
མཁས་བཙུན་བཟང་པོའི་རྣམ་ཐར་སྐྱོང་བའི་མགོན།།
མཁན་ཆེན་པདྨ་ཤེས་རབ་ཞབས་པད་བརྟན།།
བསྟན་འགྲོའི་བཞེད་དོན་ལྷུན་གྱིས་འགྲུབ་གྱུར་ཅིག།
ཅེས་པའང་མ་ལེ་ཤི་ཡའི་བུ་མོ་ཨན་ཊི་ཡཱའམ་ངག་དབང་གཡང་སྒྲོན་ནས་རྟེན་བཅས་བསྐུལ་ངོར་རྫ་རོང་འཁྲུལ་ཞིག་མཁན་མིང་པས་བྲིས་པ་ཛ་ཡནྟུ།

འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས། "གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་...
13/04/2026

འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས། "གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབ་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །"ཞེས་གསུངས་པ་ལྟར། རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་དམིགས་ཏེ། ཉེ་ཆར་ཐོན་པའི་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པའི་པར་ཕུད་རེ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཆེས་མཐོའི་རྒྱུན་ལས་རྣམ་པའི་སྤྱན་སྔར་ཕུལ། 🙏🙏🙏

སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ།སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༢༩ རེས་གཟའ་...
30/03/2026

སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ།

སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༢༩ རེས་གཟའ་ཉི་མའི་དགོང་དྲོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་ཆེས་མཐོའི་རྒྱུན་ལས་རྣམ་པས་དབུས་ཕྱོགས་མཐའ་ཁག་ལ་ཕེབས་མཁན་གྱི་དགེ་རྒན་རྣམས་ལ་གསོལ་ཚིགས་འདེགས་འབུལ་ཞུ་བའི་སྐབས་དང་བསྟུན། བཤད་གྲྭའི་རྒྱུན་ལས་རིན་པོ་ཆེས་གོ་སྒྲིག་གནང་བ་ལྟར། བཤད་གྲྭའི་དྲུང་ཆེ་ཡིས་ལས་རིམ་སྙན་སྒྲོན་གནང་བ་ལྟར། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གིས་གསར་དུ་པར་སྐྲུན་གནང་བའི་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པ་«ཉམས་ཞིབ་ཕྲན་ཚེགས་»དེབ་ཕྲེང་དང་པོ་དེ་ཉིད་འདུས་ཚོགས་ཡོངས་ཀྱི་དབུས་བཀྲ་ཤིས་བརྒྱད་པ་གསུང་འདོན་དང་འབྲེལ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་ཀྱིས་དངོས་སུ་དབུ་འབྱེད་གནང་ཞིང་། དེ་བཞིན་བཤད་གྲྭའི་རྒྱུན་ལས་རིན་པོ་ཆེ་དང་། ཞིབ་འཇུག་སློབ་སྟོན་རྣམ་གཉིས་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་ལ་བརྟེན་རིག་པའི་ཆུ་གཏེར་གྱི་ཕྱག་ཁྱེར་དེ་ཉིད། འབུམ་རམས་པའི་ཕྱག་ཁྱེར་དང་དོ་མཉམ་པ་ཡིན་པའི་ངོས་འཛིན་གནང་བའི་ཕྱག་ཁྱེར་ཡང་དགོན་པར་བཞུགས་པའི་ཞིབ་འཇུག་སློབ་ཐོན་པ་རྣམས་ལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེའི་ཕྱག་ནས་གནང་། ཞིབ་འཇུག་འགན་འཛིན་གྱིས་དེབ་ཕྲེང་བཅུ་པའི་ངོ་སྤྲོད་ཀྱི་གཏམ་བཤད། བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེས་རིག་པའི་ཆུ་གཏེར་གྱི་ཕྱག་ཁྱེར་དེ་ཉིད་ཀྱི་ཚིག་གི་བརྗོད་བབ་དང་། འབྲི་དོན་ཁ་སྣོན། གནས་ཚད་བཅས་ངོས་འཛིན་དང་འབྲེལ་བའི་ཕྱག་ཁྱེར་ཡར་རྒྱས་གནང་ཕྱོགས་དང་། ཞིབ་འཇུག་སྡེ་ཚན་གལ་ཆེན་ཡིན་པའི་གནས་བབ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་བཅས་བསྩལ་ཏེ། བཀྲ་ཤིས་པའི་ངང་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པའི་དབུ་འབྱེད་མཛད་སྒོ་མཇུག་ལེགས་པར་གྲུབ།

ད་ཐེངས་རྫོང་སར་བཤད་གྲྭས་གོ་སྒྲིག་གནང་བའི་དགོན་སྡེ་ཁག་གི་ལོ་འཁོར་ཞིབ་འཇུག་ཟབ་སྦྱོང་ཐེངས་གཉིས་པའི་ཐོག འདི་གའི་ཞིབ་འཇུག་པ་ར...
08/03/2026

ད་ཐེངས་རྫོང་སར་བཤད་གྲྭས་གོ་སྒྲིག་གནང་བའི་དགོན་སྡེ་ཁག་གི་ལོ་འཁོར་ཞིབ་འཇུག་ཟབ་སྦྱོང་ཐེངས་གཉིས་པའི་ཐོག འདི་གའི་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་། སོ་སོའི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་སྤྱན་བསྟར་དང་། ལས་འཆར་རེའུ་མིག གསར་ཞུགས་རྣམས་ཀྱི་ཞིབ་འཇུག་བརྗོད་གཞི་གཏན་འབེབས་སོགས་ཞིབ་འཇུག་ལས་དོན་དང་འབྲེལ་བའི་བྱེད་སྒོ་མང་པོ་ཞིག་ལེགས་གྲུབ་བྱུང་ཞིང་། དེ་བཞིན་རྫོང་སར་བཤད་གྲྭའི་ངོས་ནས་མཉམ་ཞུགས་པ་རྣམས་ལ་སྣེ་ལེན་གང་ལེགས་གནང་བ་དང་། བཀའ་དྲིན་ཅན་གྱི་སློབ་སྟོན་པ་རྣམ་གཉིས་ཀྱིས་ཀྱང་ཞིབ་འཇུག་དང་འབྲེལ་བའི་སློབ་སྟོན་ཟབ་རྒྱས་གནང་བར་མ་ཟད། དྲི་བ་དྲིས་ལན་གྱི་ལས་རིམ་སོགས་ཀྱི་གོ་སྐབས་ཀྱང་མི་ཉུང་བ་གནང་བ་བཅས་ལ་སྟབས་གཅིག་ཏུ་ཐུགས་རྗེ་ཆེ་སྙིང་ནས་ཞུ་བཞིན་པ་ལགས།
སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༣ པའི་ཚེས་ ༨ ཉིན།

ཐོན་ལ་ཉེ་བའི་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པ།«ཉམས་ཞིབ་ཕྲན་ཚེགས་»ཞེས་པའི་ཞིབ་འཇུག་ཆེད་དེབ་འདི་ཉིད་མི་རིང་བར་སྤྱ...
14/02/2026

ཐོན་ལ་ཉེ་བའི་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་བཅུ་པ།
«ཉམས་ཞིབ་ཕྲན་ཚེགས་»ཞེས་པའི་ཞིབ་འཇུག་ཆེད་དེབ་འདི་ཉིད་མི་རིང་བར་སྤྱི་ཚོགས་ཐོག་ཐོན་ལ་ཉེ་ཞིང་། འདི་ནི་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གིས་བོད་རབ་རྒྱན་མེ་ཕོ་རྟ་ཡི་ལོའི་ལོ་སར་བསུ་ལ་ཉེ་བའི་ཚེས་ཤར་དང་མཉམ་དུ་ཤེས་རིག་ལ་དགའ་ཞེན་ཆེ་ཞིང་། ཞིབ་འཇུག་ཆེད་རྩོམ་ལ་དོ་དབྱིངས་ཆེ་བའི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཤེས་རིག་གི་སྒྲོན་མེ་ཆུང་ཆུང་ཞིག་ཏུ་འགྱུར་ཐུབ་པའི་སྨོན་འདུན་དང་བཅས་ལེགས་སྐྱེས་ཀྱི་དོད་དུ་ཕུལ་བ་ཞིག་ཡིན་ཞིང་། ཆེད་དེབ་འདི་ལ་མཚོན་ན། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་སྤྱི་ལོ་ ༢༠༢༥ ལོའི་ལས་འཆར་ལྟར། འདི་གའི་ཁྱབ་ཁོངས་སུ་གཏོགས་པའི་དགེ་སློབ་རྣམས་ལ་རེ་སྐུལ་ཞུས་པ་ལྟར། རྩོམ་སྣ་མི་འདྲ་བ་ཁག་བདུན་གྱིས་གྲུབ་ཅིང་། དེ་ཡང་གནའ་རབས་ཀྱི་ལོ་རྒྱུས་དང་ཡིག་ཚགས་ཁག་སྔོག་འདོན་ཞུས་ཏེ་ཁུངས་བཙན་ཞིང་རྒྱུ་མཚན་འདང་ངེས་ཀྱི་སྒོ་ནས་བརྗོད་བྱའི་གནས་ཚུལ་གང་ཡིན་གཏན་ལ་ཕབ་ཡོད་པར་མ་ཟད། རྩོམ་ཡིག་རེ་རེའི་ཁོག་དབུབ་སྟངས་དང་། འབྲི་ཐབས་སོགས་ཀྱང་། འོལ་ཚོད་དང་། རང་མོས་ཙམ་མིན་པར། སྤྱིར་ཚིག་དོན་རིག་པའི་འགྲོས་དང་མཐུན་ཞིང་། བྱེ་བྲག་ཏུ་འདི་གའི་ལྟེ་གནས་ཀྱི་ཆེད་དེབ་ཁག་འབྲི་ཐབས་ཀྱི་སྒྲིག་གཞི་ལྟར། ལག་ལེན་ལ་བསྟར་བ་ཤ་སྟག་ཡིན་པས་ཚིག་དོན་གང་ལ་བསམ་རུང་། གཞལ་དུ་མེད་པའི་རིན་ཐང་མང་པོ་ཞིག་ལྡན་ཡོད་པར་མངོན། རྗེས་སོར་མངགས་ཉོ་དགོས་ཚེ། སྔ་འགྱུར་རིག་མཛོད་དཔེ་དེབ་བླུ་ཡོན་ཁང་ལ་འབྲེལ་གཏུག་གནོངས་དང་། དེ་ནས་མཁོ་སྤྲོད་ཀྱི་མཐུན་རྐྱེན་སྦྱོར་ངེས།
སྤྱི་ལོ་ 2026 ལོའི་སྤྱི་ཟླ་ 2 པའི་ཚེས་ 14 ཡི་ཉིན་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ནས།

མཁན་པོ་ཡེ་ཤེས་རྡོ་རྗེ་མཆོག་ནས་འདི་ག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ལ། མཁན་པོ་བཀྲ་ཤིས་རྡོ་རྗེ་བརྒྱུད་མཁོ་གལ་ཤིན་ཏུ...
12/01/2026

མཁན་པོ་ཡེ་ཤེས་རྡོ་རྗེ་མཆོག་ནས་འདི་ག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ལ། མཁན་པོ་བཀྲ་ཤིས་རྡོ་རྗེ་བརྒྱུད་མཁོ་གལ་ཤིན་ཏུ་ཆེ་བའི་སྤྱན་བསྟར་ཞུ་ས་ (Projector) སྤུས་ལེགས་ཤིག་ཉོ་བྱེད་ཀྱི་མཐུན་འགྱུར་སླད། ཧིན་སྒོར་འབུམ་གཅིག་གནང་བར་འདི་གའི་ལས་ཁུངས་དང་ཚོགས་མི་ཡོངས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་།
ཉེ་བའི་ཆར་སྤྱན་བསྟར་ཞུ་ས་ཚད་ལྡན་ཞིག་མངགས་ཉོ་ཞུས་པ་ལྟར། དེ་རིང་ལས་ཁུངས་ནས་དབུ་འབྱེད་སྟབས་བདེ་ཞིག་ཀྱང་ཞུས་ཟིན། སླད་མར་མཁན་པོ་མཆོག་ནས་ཐུགས་བཞེད་ལྷུན་གྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་རྒྱུ་བཅས།
སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་ནས། སྤྱི་ལོ་ 2026 ལོའི་སྤྱི་ཟླ་ 1 པོའི་ཚེས་ 12 ཉིན།

Address

Ngagyur Nyingma Institute, P. O. Bylakuppe
Mysore
571104

Website

Alerts

Be the first to know and let us send you an email when Ngagyur Nyingma Research Centre posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share