Bhutanese Students Club

Bhutanese Students Club ข้อมูลการติดต่อ, แผนที่และเส้นทาง,แบบฟอร์มการติดต่อ,เวลาเปิดและปิด, การบริการ,การให้คะแนนความพอใจในการบริการ,รูปภาพทั้งหมด,วิดีโอทั้งหมดและข่าวสารจาก Bhutanese Students Club, วิทยาลัยและมหาวิทยาลัย, IBSC, MCU, Wang Noi.

18/08/2026
༈ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠་པའི་སྐུའི་འཁྲུངས་སྐར་ལ་བསྟོད་བརྗོད་དང་བཀྲ་ཤིས་བདེ་ལེགས།Tribute and Birthday Prayer for Hi...
16/08/2026

༈ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠་པའི་སྐུའི་འཁྲུངས་སྐར་ལ་བསྟོད་བརྗོད་དང་བཀྲ་ཤིས་བདེ་ལེགས།
Tribute and Birthday Prayer for His Holiness, the 70th Je Khenpo on His 71st Birthday.
༉ དུས་གསུམ་རྒྱལ་བའི་མཁྱེན་པ་དང་། བརྩེ་བ་དང་། ནུས་པ་བཅས་ཡོན་ཏན་རྣམ་པ་གསུམ་གཅིག་ཏུ་འདུས་པའི་བདག་ཉིད། ཁམས་གསུམ་གྱི་འགྲོ་བ་ལྷ་དང་བཅས་པ་མ་ལུས་པར་བྱང་ཆུབ་ཀྱི་ལམ་དུ་འདྲེན་མཆོག་དམ་པ། མཁས་པ་དང་གྲུབ་པའི་དབང་ཕྱུག་ཐམས་ཅད་ཀྱི་གཙུག་རྒྱན། ཁྱད་པར་དུ་འབྲུག་རྒྱལ་ཁབ་ལ་དམ་ཆོས་ཀྱི་ཉི་མ་ཤར་བཅུག་པའི་འོད་ཟེར་གྱིས། ལྟ་ལོག་གི་མུན་ནག་མཐའ་དག་རིང་དུ་བསྐྲད་དེ། ནང་པ་སངས་རྒྱས་པའི་དམ་ཆོས་ཀྱི་འོད་སྣང་དང་། ཆོས་ཀྱི་ཕྱུག་པའི་བདེ་སྐྱིད་ཀྱི་དགའ་སྟོན་གསར་པ་ལ། ང་བཅས་འབྲུག་མི་ཡོངས་ལོངས་སྤྱོད་དུ་འཇུག་པའི་བགོ་སྐལ་བླ་ན་མེད་པ་བསྩལ་མཁན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཚོ་ལས་བྱུང་བའི་སྐྱབས་མགོན་དམ་པ། སེམས་ཅན་གྱི་དོན་དུ་བསམ་བཞིན་མི་ཡི་གར་དུ་རོལ་པའི། ༧ སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ པ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་འདིའི་ཉིན་མོར།
ང་བཅས་ཐེའུ་ལེན་གྱི་འབྲུག་པའི་སློབ་ཕྲུག་ཡོངས་ཀྱིས་ལག་པའི་སོར་བཅུ་སྤྱི་བོར་བཀོད་དེ།
གུས་བཏུད་དང་དད་པ་གཙང་མའི་སེམས་བསྐྱེད་དང་བཅས། བཀྲ་ཤིས་བདེ་ལེགས་ཞུ་ནི་དང་། མགོན་པོ་གང་ཉིད་ཀྱི་ཐུགས་རྗེའི་འོད་ཟེར་ནི། མུན་ནག་གི་ཁྲོད་ཀྱི་སྒྲོན་མེ་བཞིན་དང་། དཀའ་ངལ་གྱི་ལམ་ཁར་གྲོགས་པོ་བཞིན། དམ་ཆོས་ཀྱི་ལམ་སྟོན་མཁན་གྱི་སྐར་མ་བཞིན་འཛམ་གླིང་གི་ཁྱོན་ཡོངས་སུ་འཕྲོས་ཏེ། སྐྱེ་བོ་མང་པོའི་སེམས་ལ་དད་པའི་མེ་སྟག་སྦར་ཞིང་། ཤེས་རབ་ཀྱི་སྒྲོན་མེ་སྤར་བར་མཛད་པ་དང་། གང་ཉིད་ཀྱི་མཛད་པ་ནི། རི་དབང་གི་རྩེ་མོ་ལྟར་མཐོ་ཞིང་བརྟན་པ། རྒྱ་མཚོའི་རྒྱ་ཚད་ལྟར་ཡངས་ཤིང་ཟབ་པ། ཉི་ཟླའི་འོད་ཟེར་ལྟར་གསལ་ཞིང་རྒྱུན་མི་ཆད་པར་འཕྲོ་བ་ལྟར་ཡིན་པས། དེ་བཞིན་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་། བྱམས་པ། ནུས་པའི་མཐུ་དང་མཉམ་དུ། མགོན་པོ་གང་ཉིད་ཀྱི་སྐུ་ཚེ་རིང་ཞིང་། ཞབས་པད་བརྟན་ལ། ཕྲིན་ལས་དང་མཛད་པ་རྒྱ་མཚོ་ལྟར་མཐའ་ཡས་པར་རྒྱས་ཤིང་། བསྟན་པ་དང་སེམས་ཅན་གྱི་དོན་དུ་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་བཞུགས་བཅུག་ཟེར་སྨོན་འདེབས་ཕུལ་ནི་ཨིན།👇

His Holiness, the 70th Je Khenpo, is the embodiment of the three qualities of all the Buddhas of the three times: wisdom, compassion, and power. He is the supreme guide who leads all beings of the three realms, including gods and humans, toward the path of enlightenment. He is also the crown jewel among all great scholars and accomplished masters.👏
In particular, through his teachings, the light of the holy Dharma has risen brightly in the Kingdom of Bhutan. Like the rays of the sun, this light has dispelled the darkness of wrong views and ignorance. He has given all Bhutanese people the precious opportunity to enjoy the light of the Buddha Dharma and the happiness and prosperity that come from the Dharma.👏
He is a precious protector who has arisen from the ocean of compassion of Arya Avalokiteshvara, intentionally appearing in human form for the benefit of sentient beings.👏
On this auspicious occasion of the 71st birthday of His Holiness, the 70th Je Khenpo, we, all Bhutanese students in Thailand, respectfully place our ten fingers together above our heads and, with sincere respect and pure devotion, offer our heartfelt birthday wishes.👏
The compassionate light of His Holiness is like a lamp shining in the darkness, like a friend on a difficult journey, and like a star guiding the way to the sacred Dharma. It shines throughout the world, awakening the flame of devotion in the hearts of many people and illuminating the lamp of wisdom.
The noble activities of His Holiness are as high and steadfast as the summit of a great mountain, as vast and profound as the ocean, and as bright and continuous as the rays of the sun and moon.
Therefore, together with the compassion, loving-kindness, and power of all the Buddhas of the three times, we pray that His Holiness may have a long life, stable lotus feet, good health, and ever-expanding Dharma activities. May he remain in this world for the benefit of the Buddha Dharma and all sentient beings for as long as samsara exists.
From all Bhutanese students in Thailand, we respectfully offer our heartfelt birthday wishes to His Holiness, the 70th Je Khenpo, on his 71st birthday.👏
May the Buddha Dharma flourish. May His Holiness live long. May his enlightened activities continue to spread throughout the world. May all beings enjoy peace, happiness, and the precious light of the Dharma.👏
May His Holiness's life be long, may his holy feet remain firm, and may all his activities for the benefit of sentient beings be spontaneously accomplished according to his wishes.👏
.........17/08/2026.....
གཙུག་ལག་སློབ་དཔོན་རིན་པོ་ཆེ། གཞུང་གྲྭ་ཚང་། Tsula Lopen Rinpochay. གཞུང་གྲྭ་ཚང་། The Central Monastic Body of Bhutan Vairochana Rinpoche Ngawang Jigme Jigten Wangchuk BBS Programme རྫོང་ཁ་སླབ་ཐངས་། National Assembly of Bhutan The Bhutanese སེམས་ཀྱི་ངལ་གསོ། In Pursuit of Peace in Mind Bhutan Drukyul Choeling Goenzin Dratshang
Pelden Drukpai Choetshog, North America.

ཤེས་རབ་ཀྱི་སྒྲོན་མེ། ང་བཅས་ཀྱི་སློབ་དཔོན།Teachers day: The Light That Guides Our Way.༉ སློབ་དཔོན་ནི་ང་བཅས་ཀྱི་མུན་ནག་གི་...
14/08/2026

ཤེས་རབ་ཀྱི་སྒྲོན་མེ། ང་བཅས་ཀྱི་སློབ་དཔོན།
Teachers day: The Light That Guides Our Way.

༉ སློབ་དཔོན་ནི་ང་བཅས་ཀྱི་མུན་ནག་གི་ལམ་ནང་ འོད་ཟེར་སྟོན་མི་མར་མེ་བཟུམ་ཨིན། མ་འོངས་པའི་ལམ་ལུ་ ཤེས་རབ་ཀྱི་འོད་ཀྱིས་ལམ་སྟོན་གནང་མི་ཨིན། ད་རེས་ Thailand (Wai Kru) གི་ཉིནམ་ལུ། ང་བཅས་ཀྱི་སློབ་དཔོན་ཡོངས་ལུ་གུས་བཀུར་དང་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན། ལྷག་པར་དུ། ང་བཅས་འབྲུག་པའི་སློབ་ཕྲུག་ཚུ་ལུ་རྒྱབ་སྐྱོར། བཀའ་སློབ། དེ་ལས་མ་འོངས་པའི་ལམ་སྟོན་གནང་མི་ ལས་ཚོགས་སློབ་དཔོན་རིན་པོ་ཆེ་མཆོག་དང་། Asst. Prof. Dr. Phra Sitthivajrabundit མཆོག ལུ་སེམས་ཀྱི་གཏིང་ནས་བཀའ་དྲིན་ཆེཟེར་ཞུ་ནི་ཨིན། ཁྱེད་ཀྱི་བཀའ་སློབ་ནི་ ང་བཅས་ཀྱི་མ་འོངས་པའི་ལམ་གྱི་སྒྲོན་མེ་བཟུམ་ཨིན། ཁྱེད་ཀྱི་རྒྱབ་སྐྱོར་ནི་ ང་བཅས་ཀྱི་ལམ་འགྲོ་བའི་ནུས་ཤུགས་བཟུམ་ཨིན། དེ་ལས་སློབ་དཔོན་ཡོངས་ཀྱི་སྐུ་ཚེ་རིང་། སྐུ་ཁམས་བཟང་། ཞབས་པད་བརྟན་ཏེ། རྟག་པར་སློབ་ཕྲུག་ཚུ་ལུ་ཤེས་རབ་དང་ལམ་སྟོན་གནང་ཐུབ་པའི་སྨོན་ལམ་ཕུལ་ནི་ཨིན།
རེས་ Thailand (Wai Kru) གི་ཉིནམ་ལུ། ང་བཅས་ཀྱི་སློབ་དཔོན་ཡོངས་ལུ་གུས་བཀུར་དང་བཀའ་དྲིན་ཆེཟེར་ཞུ་ནི་ཨིན། ལྷག་པར་དུ། ང་བཅས་འབྲུག་པའི་སློབ་ཕྲུག་ཚུ་ལུ་རྒྱབ་སྐྱོར། བཀའ་སློབ། དེ་ལས་མ་འོངས་པའི་ལམ་སྟོན་གནང་མི་ ལས་ཚོགས་སློབ་དཔོན་རིན་པོ་ཆེ་མཆོག་དང་། Asst. Prof. Dr. Phra Sitthivajrabundit མཆོག་ལུ་སེམས་ཀྱི་གཏིང་ནས་བཀའ་དྲིན་ཆེཟེར་ཞུ་ནི་ཨིན། ཁྱེད་ཀྱི་བཀའ་སློབ་ནི་ ང་བཅས་ཀྱི་མ་འོངས་པའི་ལམ་གྱི་སྒྲོན་མེ་བཟུམ་ཨིན། ཁྱེད་ཀྱི་རྒྱབ་སྐྱོར་ནི་ ང་བཅས་ཀྱི་ལམ་འགྲོ་བའི་ནུས་ཤུགས་བཟུམ་ཨིན། དེ་ལས་སློབ་དཔོན་ཡོངས་ཀྱི་སྐུ་ཚེ་རིང་། སྐུ་ཁམས་བཟང་། ཞབས་པད་བརྟན་ཏེ། རྟག་པར་སློབ་ཕྲུག་ཚུ་ལུ་ཤེས་རབ་དང་ལམ་སྟོན་གནང་ཐུབ་པའི་སྨོན་ལམ་ཕུལ་ནི་ཨིན།

Teachers are like a lamp that shows us the way through the darkness. They guide us with the light of wisdom and help us find the right path toward our future.
On this special occasion celebrating as Thailand Teacher’s Day (Wai Kru), we would like to express our deepest respect and heartfelt gratitude to all our teachers.

In particular, we would like to sincerely thank Karma Archarya, Lektsho Lopon Rinpoche and Asst. Prof. Dr. Phra Sitthivajrabundit, Vice-Rector for Foreign Affairs of Mahachulalongkornrajavidyalaya University, for your continuous support, valuable advice, and guidance for Bhutanese student club.
Your teachings are like a lamp that lights our path toward the future, and your support gives us the strength to continue our journey with confidence.
On this special day, we pray that all our teachers may have long lives, good health, and lasting strength, and may you continue to guide and inspire many students with your wisdom and kindness.

Happy Thailand Teacher’s Day!
With deepest respect, gratitude, and appreciation to all our teachers.

14/08/2026
གཞུང་གྲྭ་ཚང་། The Central Monastic Body of Bhutan Vairochana Rinpoche Ngawang Jigme Jigten Wangchuk གཙུག་ལག་སློབ་དཔོན་རིན་པོ་ཆེ། གཞུང་གྲྭ་ཚང་། Tsula Lopen Rinpochay. National Assembly of Bhutan PM S Pachantasena སེམས་ཀྱི་ངལ་གསོ། In Pursuit of Peace in Mind BBS Programme The Bhutanese Bhutan རྫོང་ཁ་སླབ་ཐངས་། IBSC MCU

སྐུ་གཤེགས་པའི་མྱ་ངན་དང་། སླར་འབྱོན་དགོས་པའི་སྨོན་ལམ།Mourning for His Passing and Prayers for His Swift Return.༉ འདུལ་བྱས...
11/08/2026

སྐུ་གཤེགས་པའི་མྱ་ངན་དང་། སླར་འབྱོན་དགོས་པའི་སྨོན་ལམ།
Mourning for His Passing and Prayers for His Swift Return.
༉ འདུལ་བྱས་ཐམས་ཅད་བསླུ་བའི་ཆོས་སུ་གཟིགས།། ཟག་བཅས་མཐའ་དག་སྡུག་བསྔལ་ཉིད་དུ་མཁྱེན།། ཆོས་ཡོད་ཐམས་ཅད་སྟོང་ཞིང་བདག་མེད་རྟོགས།། མྱ་ངན་ཞི་བ་ཁོ་ནར་དགོངས་ལ་འདུད།། རིས་མེད་རྒྱལ་བའི་བསྟན་པ་དང་། སྒྲུབ་བརྒྱུད་ཀྱི་རྒྱུན་ལུ་སྐུ་ཚེ་ཧྲིལ་པོར་བརྩོན་གནང་བཞུགས་མི་གྲུབ་ཐོབ་དམ་པ་མཆོག་ལུ། དད་གུས་དང་མྱ་ངན་གྱི་སྒོ་ལས་གུས་བཏུད་ཞུཝ་ཨིན།
ལེ་ལོ་ཅན་གྱི་གདུལ་བྱ་རྣམས་ཆོས་ལུ་བསྐུལ་བའི་ཆེད་དུ། རེ་ཞིག་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཡང་། གྲུབ་ཐོབ་མཆོག་གིས་མཛད་པ་དང་། ཆོས་ཀྱི་བཀའ་སློབ། སྒྲུབ་པའི་མིག་དཔེ་རྣམས་ནི་ནམ་ཡང་མི་བརྗེད། ང་བཅས་བུ་སློབ་རྣམས་ཀྱི་སེམས་ཀྱི་རྒྱན་ཆ་རུ་བཏགས་ཚར་ཡོད།
གྲུབ་ཐོབ་མཆོག་མ་འོངས་པར་དཔལ་ལྡན་འབྲུག་པའི་ཞིང་ཁམས་སུ་མྱུར་དུ་སླར་ཡང་འབྱོན་ནས། སེམས་ཅན་དང་བསྟན་པའི་དོན་ལུ་སྐུ་དང་སྐུ་མཆོག་གིས་མཛད་པ་རྒྱ་ཆེར་གནང་བའི་སྨོན་ལམ་བཏབ་ནི་དང་། Thailand Bhutanese Students Club, གིས་སྐུ་གཤེགས་པའི་མྱ་ངན་དང་བཅས་གུས་འདུད་ཟབ་མོ་ཞུཝ་ཨིན།

With profound faith, respect, and heartfelt sorrow, we pay our deepest homage to this accomplished and revered master, who devoted his entire life to the preservation of the Buddha’s teachings and the lineage of spiritual practice.

Although, for the purpose of inspiring those who may be negligent in their Dharma practice, the great master has temporarily demonstrated the appearance of passing beyond suffering, his deeds, Dharma teachings, and exemplary life of practice will never be forgotten. They have become an everlasting ornament in the hearts of us, his disciples.

We earnestly pray that, in the future, the great master will swiftly return to the sacred land of Bhutan and once again engage in vast and meaningful activities for the benefit of sentient beings and the flourishing of the Buddha Dharma.
........ 11/08/2026.....
གཞུང་གྲྭ་ཚང་། The Central Monastic Body of Bhutan Vairochana Rinpoche Ngawang Jigme Jigten Wangchuk BBS Programme National Assembly of Bhutan Bhutan Drukyul Choeling Goenzin Dratshang མཚམས་བྲག་ཐར་པ་གླིང་སློབ་གྲྭ། Tshamdra Monastery གཙུག་ལག་སློབ་དཔོན་རིན་པོ་ཆེ། གཞུང་གྲྭ་ཚང་། Tsula Lopen Rinpochay. Bhutan Kitchen རྫོང་ཁ་སླབ་ཐངས་།

A Special Thank You to Bhutan Kitchen, Bangkokའབྲུག་པའི་སློབ་ཕྲུག་ཚུ་གི་སྙིང་ནསབཀའ་དྲིན་དང་སྨོན་འདུན་ཞུཝ་ཨིན།👇👇༉ ཐཱའི་ལེ...
10/08/2026

A Special Thank You to Bhutan Kitchen, Bangkok
འབྲུག་པའི་སློབ་ཕྲུག་ཚུ་གི་སྙིང་ནསབཀའ་དྲིན་དང་སྨོན་འདུན་ཞུཝ་ཨིན།👇👇
༉ ཐཱའི་ལེན་གྱི་འབྲུག་པའི་སློབ་ཕྲུག་ཚུ་ལུ་ཉིན་མོའི་ལྟོ་གནང་མི། Bhutan Kitchen གི་སྦྱིན་བདག་མཆོག་ལུ་སྙིང་ཐག་པ་ལས་བཀའ་དྲིན་ཆེ་ཞེས་ཞུ་ནི་དང་། ཁྱེད་ཀྱི་སྙིང་རྗེ་དང་སྦྱིན་པའི་དགེ་བ་དེ་ཚུ་ལས་བརྟེན་ཏེ། མ་འོངས་པར་བདེ་སྐྱིད་དང་། ལོངས་སྤྱོད། ཚེ་རིང་བཀྲ་ཤིས་དང་བསམ་དོན་ཐམས་ཅད་འགྲུབ་སྟེ། མཐར་ཐུག་བྱང་ཆུབ་ཀྱི་ལམ་ལ་འཁྲིད་པར་ཤོག།
We would like to express our heartfelt gratitude to the owner of Bhutan Kitchen in Bangkok for generously providing lunch for us, the Bhutanese students in Thailand.

May your kindness and generosity bring you lasting happiness, good health, prosperity, and success. May all your wishes and aspirations be fulfilled, and may the merit of your generous offering continue to grow and bring benefit to many beings.

With our deepest respect and gratitude, we wish you and your family peace, happiness, and blessings always.
........08/08/2026......
གཞུང་གྲྭ་ཚང་། The Central Monastic Body of Bhutan གཙུག་ལག་སློབ་དཔོན་རིན་པོ་ཆེ། གཞུང་གྲྭ་ཚང་། Tsula Lopen Rinpochay. BBS Programme National Assembly of Bhutan The Bhutanese
Bhutan Kitchen

Proposal Examination of Master’s Student Pema Thinley👇གཙུག་ལག་ཤེས་ཡོན་གྱི་སློབ་ཕྲུག་པདྨ་ཕྲིན་ལས་ཀྱི་གྲོས་འཆར་ཆོས་རྒྱུགས།...
08/08/2026

Proposal Examination of Master’s Student Pema Thinley👇
གཙུག་ལག་ཤེས་ཡོན་གྱི་སློབ་ཕྲུག་པདྨ་ཕྲིན་ལས་ཀྱི་གྲོས་འཆར་ཆོས་རྒྱུགས།👇
ཐཱའི་ལེན་གྱི་ མ་ཧ་ཅུ་ལ་ལོང་ཀོན་ར་ཇཱ་ཝི་ད་ཡ་ལ་ཡ་གཙུག་ལག་སློབ་གྲྭ། རྒྱལ་སྤྱིའི་ནང་པའི་སློབ་སྦྱོང་ཁང་འདི་ནང་ལུ། ནང་པའི་ཆོས་ལུགས་ཀྱི་གཙུག་ལག་ཤེས་ཡོན་གྱི་སློབ་ཕྲུག་པདྨ་ཕྲིན་ལས་མཆོག་གིས། (དེང་སང་སྤྱི་ཚོགས་ནང་ ཕ་མ་ལུ་གུས་བཀུར་ཡར་དྲག་གཏང་ཐབས་ལུ་ གསང་སྔགས་རྡོ་རྗེ་ཐེག་པ་ནང་པའི་བཀའ་སློབ་ཚུ་ལག་ལེན་འཐབ་ཐངས) ཀྱི་སྐོར་ལས་རང་གི་ཞིབ་འཚོལ་གྲོས་འཆར་གྱི་ཆོས་རྒྱུགས་ལེགས་ཤོམ་སྦེ་མཐར་ཕྱིན་གནང་ཡོད།
ཆོས་རྒྱུགས་ཀྱི་སྐབས་ལུ། པདྨ་ཕྲིན་ལས་མཆོག་གིས་རང་གི་ཞིབ་འཚོལ་གྲོས་འཆར་གྱི་སྐོར་ལུ་གོ་བ་ཟབ་མོ་དང་། ཤེས་རབ་ཀྱི་བསམ་གཞི། དཔྱད་ཞིབ་ཀྱི་ལམ་ལུགས་ཚུ་གསལ་ཏོག་ཏོ་སྦེ་སྟོན་གནང་སྟེ། ཞིབ་འཚོལ་གྱི་འཇོན་ཐང་ལེགས་ཤོམ་སྦེ་བསྟན་གནང་ཡོད།
དེ་ལས། ང་བཅས་ཀྱིས་པདྨ་ཕྲིན་ལས་མཆོག་ལུ་སྙིང་ཐག་པ་ལས་དགའ་ཚོར་དང་། ལེགས་སྨོན། ཁོ་གིས་སློབ་སྦྱོང་དང་ཞིབ་འཚོལ་བརྩོན་འགྲུས་དང་དཀའ་སྤྱད་ཀྱིས་ཐོགས་ལས་མཛད་གནང་མི་ལུ་བསྔགས་བརྗོད་ཞུ་ནི་ཨིན།
མ་འོངས་པར་ཡང་བརྩོན་འགྲུས་མི་ཉམས་པར། ཞིབ་འཚོལ་དང་སློབ་སྦྱོང་གི་ལམ་ལུ་འཕྲོ་མཐུད་དེ། བར་ཆད་དང་དཀའ་ངལ་ག་ནི་ཡང་མེད་པར་རང་གི་ཞིབ་འཚོལ་མཐར་ཕྱིན་སྦེ་རྫོགས་ཚུགས་པའི་རེ་བ་དང་སྨོན་ལམ་ཞུ་ནི་ཨིན།👇

At the International Buddhist Studies College (IBSC), Mahachulalongkornrajavidyalaya University, Thailand, Master’s student in Buddhist Studies Ven. Pema Thinley successfully completed his research proposal examination on the topic:
“An Application of Vajrayana Buddhist Teachings to Promote Respect for Parents in Contemporary Society.”
During the proposal examination, Ven. Pema Thinley demonstrated a clear and in-depth understanding of his research topic. He presented his ideas, research approach, and methodology with clarity, demonstrating his academic knowledge and research abilities.
We extend our heartfelt congratulations and best wishes to Ven. Pema Thinley. We also sincerely appreciate and commend his dedication, perseverance, and hard work in pursuing his studies and research.
We hope that he will continue his studies and research with the same determination and perseverance. May he successfully complete his research without obstacles or difficulties and achieve his academic goals.
May the blessings of the Triple Gem guide, protect, and support him throughout his academic journey. May his wisdom and knowledge continue to grow, and may all his efforts in research bear fruitful results.
........08/08/2026...
གཞུང་གྲྭ་ཚང་། The Central Monastic Body of Bhutan
Vairochana Rinpoche Ngawang Jigme Jigten Wangchuk PM S Pachantasena
གཙུག་ལག་སློབ་དཔོན་རིན་པོ་ཆེ། གཞུང་གྲྭ་ཚང་། Tsula Lopen Rinpochay. BBS Programme IBSC MCU National Assembly of Bhutan IBSC for International Peace Studies Program The Bhutanese Bhutanese Students Club སེམས་ཀྱི་ངལ་གསོ། In Pursuit of Peace in Mind Pelden Drukpai Choetshog, North America.

ལས་ཚོགས་དྲུང་ཆེན་མཆོག་གི་བཀའ་སློབ། མ་འོངས་ཀྱི་དམིགས་གཏད།👇ད་རེས་གཞུང་གྲྭ་ཚང་གི་ལས་ཚོགས་དྲུང་ཆེན་མཆོག་གིས་ ཐཱའི་ལེན་རྒྱལ་ས...
08/08/2026

ལས་ཚོགས་དྲུང་ཆེན་མཆོག་གི་བཀའ་སློབ། མ་འོངས་ཀྱི་དམིགས་གཏད།👇
ད་རེས་གཞུང་གྲྭ་ཚང་གི་ལས་ཚོགས་དྲུང་ཆེན་མཆོག་གིས་ ཐཱའི་ལེན་རྒྱལ་སྤྱིའི་སློབ་གྲྭ (Thailand International University) ནང་ལུ་སློབ་སྦྱོང་འབད་བཞིན་པའི་འབྲུག་པའི་སློབ་ཕྲུག་ཚུ་དང་འཕྲད་གནང་བ་མ་ཚད། ང་བཅས་ཀྱི་མ་འོངས་པའི་མི་ཚེ་དང་། རྒྱལ་ཁབ། ལྷག་པར་དུ་མ་འོངས་གཞུང་གྲྭ་ཚང་ལུ་ཕྱག་ཞུ་དགོ་པའིཐབས་ལམ་གྱི་སྐོར་ལུ་གསུང་བཤད་དང་། བཀའ་སློབ། ལམ་སྟོན་རྩ་ཆེན་གནང་བ་ལུ་སྙིང་ཐག་པ་ལས་བཀའ་དྲིན་ཆེ་ཞུ་ནི་ཨིན།👇
དེ་མ་ཚད། ང་བཅས་སློབ་ཕྲུག་རེ་རེ་ལུ་རང་རང་སོ་སོའི་བསམ་འཆར་དང་། དཀའ་ངལ། རེ་འདུན་ཚུ་སླབ་ནིའི་གོ་སྐབས་གནང་མི་འདི་ལུ་དྲུང་ཆེན་མཆོག་གིས་ང་བཅས་འབྲུག་པའི་སློབ་ཕྲུག་ཚུ་ལུ། ཐུགས་བརྩེ་བ་ཟབ་མོ་ཡོད་པའི་རྟགས་མཚན་རྩ་ཆེན་ཅིག་ཡིན།
ཕྱི་རྒྱལ་གྱི་ས་གནས་ལུ་སློབ་སྦྱོང་འབད་མི་ང་བཅས་སློབ་ཕྲུག་ཚུ་ལུ་བློ་སྟོབས་དང་། སེམས་ཤུགས། རེ་བ་བྱིན་གནང་མི་ལུ་སྙིང་གི་གཏིང་ལས་བཀའ་དྲིན་ཆེ་ཞེས་ཞུ་ནི་དང་། ང་བཅས་སློབ་ཕྲུག་རེ་རེ་ཡིས་རང་ཉིད་ཀྱི་ཤེས་ཡོན་ཚུ་ཡར་རྒྱས་གཏང་སྟེ། མ་འོངས་པར་དཔལ་ལྡན་འབྲུག་གི་བསྟན་པ་དང་། རྒྱལ་ཁབ། གཞུང་གྲྭ་ཚང་ལུ་ཕྱག་ཞུ་ནིའི་དམིགས་གཏད་བསྐྱེད་དོ། དམིགས་གཏད་དེ་ཡང་། སློབ་ཕྲུག་གཅིག་གིས་མི་ལྔ་གི་ཁྱད་ཆོདཔ་སྦེ་ཕྱག་ཞུ་ཚུགས་པའི་མི་སྣ་ཅིག་ལུ་འགྱུར་ནི་འདི་ཨིན།👇
མཇུག་ར་དྲུང་ཆེན་མཆོག་གི་ཐུགས་དགོངས་དང་རེ་འདུན་ཡིད་བཞིན་དུ་འགྲུབ་སྟེ། བསྟན་པ་དང་རྒྱལ་ཁབ་ལུ་ཕན་ཐོགས་པའི་ཕྱག་ལས་མང་དུ་གནང་ཚུགས་པར་སྨོན་ལམ་དང་བཅས། ང་བཅས་འབྲུག་པའི་སློབ་ཕྲུག་ཡོངས་ཀྱི་ཁ་ཐུག་ལས་བཀའ་དྲིན་ཆེ་ཞེས་ཞུ་ནི་ཨིན།👇

Today, the Secretary General of the Central Monastic Body kindly visited the Bhutanese students who are currently studying at Thailand International University. During the visit, he not only spent time with us but also gave us valuable advice, guidance, and encouragement regarding our future lives, our responsibilities toward our country, and, in particular, how we can serve the Central Monastic Body in the future.👇

We would like to express our heartfelt gratitude for his valuable guidance and advice.👇

Furthermore, the opportunity given to each of us to share our individual suggestions, concerns, difficulties, and aspirations is a precious indication of the Secretary General’s deep care, concern, and compassion for Bhutanese students.
👇
For those of us studying abroad, his words have given us courage, strength, hope, and renewed motivation. We sincerely thank him from the bottom of our hearts for encouraging and inspiring us to continue our studies with dedication and a clear purpose.
👇
As Bhutanese students, we are determined to improve our knowledge, skills, and understanding through education so that, in the future, we can serve the Buddha Dharma, our country, and the Central Monastic Body with sincerity and dedication.
👇
Our aspiration is not simply to study for our own benefit. Rather, our goal is to become individuals who can make a meaningful contribution to society. In particular, we aspire to become students who can serve the benefit of at least five people through the knowledge, skills, and values we gain from our education.
👇
We believe that even a small contribution from each individual can create a greater benefit for society. Just as a small lamp can light many other lamps without losing its own light, we hope that the knowledge and wisdom we gain through our studies will allow us to guide, support, and benefit others.
👇
Finally, we sincerely pray that the noble aspirations and wishes of the Secretary General may be fulfilled according to his noble intentions. May he continue to serve the Buddha Dharma and the nation with great dedication and bring lasting benefit to many people.
👇
With our deepest respect, gratitude, and prayers, we, the Bhutanese students, would like to express our heartfelt appreciation to the Secretary General for his kindness, guidance, encouragement, and continued support.
👇
May our education become wisdom,
may our wisdom become service,
and may our service become a source of benefit to the Buddha Dharma, Bhutan, and its people.

08/08/2026
གཞུང་གྲྭ་ཚང་། The Central Monastic Body of Bhutan
Vairochana Rinpoche Ngawang Jigme Jigten Wangchuk
IBSC for International Peace Studies Program
རྫོང་ཁ་སླབ་ཐངས་།
Bhutanese Students Club
BBS Programme
གཙུག་ལག་སློབ་དཔོན་རིན་པོ་ཆེ། གཞུང་གྲྭ་ཚང་། Tsula Lopen Rinpochay.

02/08/2026
02/08/2026

ที่อยู่

IBSC, MCU
Wang Noi

เว็บไซต์

แจ้งเตือน

รับทราบข่าวสารและโปรโมชั่นของ Bhutanese Students Clubผ่านทางอีเมล์ของคุณ เราจะเก็บข้อมูลของคุณเป็นความลับ คุณสามารถกดยกเลิกการติดตามได้ตลอดเวลา

ทางลัด

แชร์